分享按钮

ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ལས་ཀའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན། ལྷ་ས་གྲོང་ཁྱེར་གྱིས་2025ལོའི་སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ལས་ཀའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད།

གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་ཚོགས་འདུར་ཞུགས་པ་རེད།

ཀྲའོ་ཧྲི་ཏུང་གིས་སྨན་བཅོས་འགན་བཅོལ་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཀྱི་དངུལ་དང་སྲོག་སྐྱོབ་ཀྱི་དངུལ་ཡིན་ཞིང་། དེ་བདེ་འཇགས་དང་ནུས་ལྡན་ངང་འཁོར་སྐྱོད་བྱེད་པ་ནི་འགན་བཅོལ་ནང་ཞུགས་མཁན་མི་སྣའི་ཚེ་སྲོག་གི་ཁེ་ཕན་དང་སྤྱི་ཚོགས་ཧྲིལ་པོའི་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད། ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སྨན་རྫས་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་དངུལ་སྤྱོད་པའི་བྱ་སྤྱོད་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ཡོད་ཅེས་གསུངས་པ་རེད།

ཀྲའོ་ཧྲི་ཏུང་གིས་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་གདེང་འཇོག་མ་ལག་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་དབར་གྱི་འབྲེལ་བ་ཁ་གསལ་བཟོས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ལྟ་སྐུལ་དོ་དམ་གྱི་མཉམ་སྡེབ་ནུས་པ་ཆགས་པར་བྱེད་དགོས། ལྟ་སྐུལ་དོ་དམ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་རིགས་ཀྱི་རང་གཅུན་དང་ལས་རིགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཚན་ཁག་གིས་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཆོད་སེམས་ཐོག་ནས་སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐེབས་རྩའི་བདེ་འཇགས་ལ་འགན་ལེན་བྱས་ཏེ་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་ལན་ཞིག་སྤྲོད་དགོས་པའི་ནན་གསུངས་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196330.html 1 ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ལས་ཀའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ། /enpproperty-->