分享按钮

2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་ཆས་སྤྲས་ སྔོན་སྦྱོང་ཐེངས་དང་པོ་ལེགས་གྲུབ་བྱུང་བ།

(པར་ངོས་དང་པོར་མཐུད)2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གཙོ་སྐྱོང་པའི་གྲས་ཤིག་ཡིན་པའི་ཁམས་པའི་སྲུང་སྐར་འཕྲིན་ལམ་གྱི་གཙོ་སྐྱོང་པ་ཤེས་རབ་རྣམ་རྒྱལ་གྱིས་ཀྱང་རང་གི་མྱོང་ཚོར་དང་འབྲེལ་ནས་ཐེངས་འདིའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གཙོ་སྐྱོང་པར་བདམས་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། འདིས་ང་ལ་ལྷ་སའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ལྷ་སའི་སྟོད་གཞས་དེ་མིག་གི་མདུན་དུ་མྱོང་ཚོར་བྱེད་པའི་གོ་སྐབས་ཐོབ་པར་མ་ཟད། ད་དུང་ལྷ་སའི་ཕུལ་བྱུང་གཙོ་སྐྱོང་པ་དང་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་རེས་ཐུབ་པས་ང་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད།

ཆུ་ཚོད་གཉིས་ལྷག་ཙམ་གྱི་འཁྲབ་སྟོན་ཁྲོད་སྒྱུ་རྩལ་དང་ལག་རྩལ་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། འཁྲབ་སྟོན་པ་ཚོའི་རང་ནུས་ཀྱང་སྔར་བས་ཕུན་སུམ་ཚོགས་པོ་བྱུང་ཡོད། ཡང་ཡང་སྦྱོང་བརྡར་བྱས་པ་བརྒྱུད། ལེ་ཚན་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དང་ལྷུ་ཚིགས་ཁག་གི་སྦྲེལ་མཐུད་བདེ་བླག་བྱུང་བས།མཚན་ཚོགས་ཧྲིལ་པོར་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་དགེ་རྒན་པདྨ་ཚེ་རིང་གིས་ང་ཚོས་ད་ཐེངས་འཁྲབ་སྟོན་བྱ་རྒྱུ་དེ་ནི་བོད་ཀྱི་གཞས་གདངས་རྩོམ་པ་པོ་གྲགས་ཅན་བསྟན་འཛིན་སྤེན་ནོར་ལགས་ཀྱིས་གསར་རྩོམ་བྱས་པའི་སྒྲ་སྙན་དཀྲོལ་གཏོང་གི་ལེ་ཚན་ཞིག་རེད། ང་ཚོའི་འཁྲབ་སྟོན་པའི་ལོ་ཚོད་ནི་ལོ་6ནས་ལོ་30ལྷག་ཙམ་བར་ཡིན་པ་དང་། འཁྲབ་སྟོན་པ་མང་ཆེ་བ་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་སློབ་མ་ཡིན། སློབ་གྲྭ་དེའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཁོང་ཚོའི་སྣེ་ཁྲིད་དེ་གར་སྟེགས་ཆེན་པོ་འདི་འདྲ་ཞིག་གི་ཐོག་སླེབས་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196328.html 1 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་ཆས་སྤྲས་ སྔོན་སྦྱོང་ཐེངས་དང་པོ་ལེགས་གྲུབ་བྱུང་བ། /enpproperty-->