(པར་ངོས་དང་པོར་མཐུད)གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། རིམ་ཁག་ཚན་ཁག་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཉིས་ནས་ལས་ཀའི་གཙོ་གནད་ཁ་གསལ་བཟོས་ནས་རང་འགན་གཙང་སྒྲུབ་ཀྱིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཁ་གསལ་བའི་གཙོ་གནད་རྣམ་གྲངས་དང་སྒྲུབ་རྒྱུར་སྤྲད་པའི་ལས་འགན་ཁག་གཅིག་སྡུད་བྱས་ཏེ་རྩ་དོན་ལྔ་དང་། འཐབ་ཇུས་ཆེན་པོ་བཞི། བྱ་སྤྱོད་ཆེན་པོ་བརྒྱད་བཅས་ཀྱི་ཞིབ་ཕྲའི་ལས་དོན་ལ་མཉམ་འདྲེས་སྐུལ་འདེད་བཏང་ནས་ལས་ཡུན་ལྡོག་སྒྲིག་བྱེད་པ་དང་། ལས་རིམ་གསལ་བཀོད། དཀའ་གནད་དུས་ཐོག་ཏུ་སེལ་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གསུམ་ནས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཆེའི་འཁོར་སྐྱོད་ཀྱི་ལམ་སྲོལ་ཆཊ་པར་བྱེད་དགོས། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཆེད་དོན་ལས་དོན་ཚོགས་ཆུང་དང་ཁོངས་མིའི་ཚན་པ་དང་འབྲེལ་གཏུགས་དམ་ཟབ་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་ཆེད་དོན་ཚོགས་ཆུང་དང་ཁོངས་མིའི་ཚན་པ་ཁག་གི་ལས་ཀའི་འཕེལ་རིམ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས་ལས་ཀའི་ཁྲོད་ལྷག་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་མཐུན་སྦྱོར་མཉམ་འགུལ་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། བཞི་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚན་པ་ཁག་གི་ལས་ཀའི་འཕེལ་རིམ་ལ་དམ་པོར་དམིགས་ཏེ་དུས་བཀག་དང་དུས་ངེས་མེད་ངང་བཀོད་གཏོང་རྗེས་སྙེགས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་སྒྲོལ་དཀར་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ལེང་ཚོགས་འདུར་ཕེབས་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社