分享按钮

ད་ཐེངས་ང་ཚོར་རིན་པ་མེད་པར་པར་ལེན་བྱས་བྱུང་བས། སླད་ཕྱིན་འདི་ལྟ་བུའི་དྲོ་སྐྱིད་དང་དོན་སྙིང་ལྡན་པའི་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་དེས་ཆུ་ཤུར་རྫོང་གི་མང་ཚོགས་ལ་དང་པོའི་བཅོ་ལྔའི་དུས་ཆེན་སྐབས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་པར་མ་ཟད། ནང་མི་མཉམ་བཞུཊ་ཀྱི་འདྲ་པར་བརྒྱབ་སྟེ་དྲན་རྟེན་རྩ་ཆེན་བཞག་པ་དང་། དེ་བས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་སྤྲོ་སྣང་ལྡན་པའི་མཉམ་འགུལ་གྱི་ལྷུ་ཚིཊ་བརྒྱུད་ཁྱིམ་མཚེས་དབར་གྱི་བརྩེ་དུང་ཟབ་ཏུ་དང་མང་ཚོཊ་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོཊ་སུ་ཕྱིན་ཡོད།

ཆུ་ཤུར་རྫོང་རིག་གནས་ཡུལ་སྐོར་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་། ཅུས་ཀྲང་གཞོན་པ་བསྟན་འཛིན་ལྷ་འཛོམས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་ནི་ང་ཚོ་དང་མང་ཚོགས་དབར་བར་ཐག་ཇེ་ཉེར་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་གོ་སྐབས་ཤིག་ཡིན། སྤྱི་ཕན་བྱེད་སྒོ་འདི་འདྲ་བརྒྱུད་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོར་དོ་ཁུར་བྱས་ནས་ཁོང་ཚོར་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་གཞོལ་བཞིན་ཡོད་པ་ཤེས་ཐུབ་པའི་རེ་བ་ཡོད་ཅེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196323.html 1 /enpproperty-->