分享按钮

ཆུ་ཤུར་རྫོང་གིས་དང་པོའི་བཅོ་ལྔར་མཉམ་འཛོམས་བྱས་ནས་ནང་མི་ཚང་མས་བདེ་སྐྱིད་འཚོ་བར་རོལ་ཞེས་པ་གཙོ་དོན་དུ་བྱས་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ།

པར་འདི་ནི་པར་རྒྱག་མཁན་བྱེད་སྒོའི་ནང་ཞུཊ་མཁན་མང་ཚོཊ་ཀྱི་མདུན་དུ་ཡོང་ནས་ནང་མི་མཉམ་བཞུཊ་ཀྱི་འདྲ་པར་རྒྱག་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན། ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་པར་ཁང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་ཅེས་པ་གཙོ་དོན་དུ་བྱས་པའི་སྤྱི་ཕན་བྱེད་སྒོ་ཆུ་ཤུར་རྫོང་དུ་སྤེལ་བ་རེད།

བྱེད་སྒོའི་ཁྲོད། ཆུ་ཤུར་རྫོང་རིག་གནས་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་གླུ་གཞས་དང་ཞབས་བྲོས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཏུ་བཏང་ཡོད། འཁྲབ་སྟོན་པ་ཚོས་ཚོན་མདོག་བཀྲ་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་ནས་སྤྲོ་སྣང་ལྡན་པའི་གླུ་དབྱངས་དང་བསྟུན་ནས་ཞབས་བྲོ་འཁྲབ་སྟེ་དུས་ཆེན་གྱི་དགའ་སྤྲོ་གནས་གང་སར་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ལྟད་མོ་བར་མིག་གི་ལོངས་སྤྱོད་སྦྱིན། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་སྤྱད་དེ་ངོ་མཚར་ཆེ་བའི་སྐད་ཅིག་མ་ཟིན་ཐོར་བཀོད་ནས་མཛེས་སྡུག་ལྡན་པའི་འཁྲབ་སྟོན་དེ་ཡུལ་དངོས་སུ་སླེབས་མི་ཐུབ་པའི་གཉེན་ཉེ་དང་གྲོགས་པོ་རྣམས་ལ་མཉམ་སྤྱོད་བྱེད་བཞིན་ཡོད།

བྱེད་སྒོའི་རིང་པར་རྒྱག་མཁན་གྱིས་ཆེད་ལས་ཀྱི་སྒྲིག་ཆས་གྲ་སྒྲིག་བྱས་ཏེ་བྱེད་སྒོར་ཞུགས་པར་ཡོང་བའི་མང་ཚོགས་ལ་ནང་མི་མཉམ་འཛོམས་ཀྱི་པར་ལེན་བྱེད་ཀྱི་ཡོད། ཁྱིམ་ཚང་གཅིག་གི་རྒན་གཞོན་ཚང་མས་རང་ཉིད་ཀྱི་གཟབ་མཆོར་ལེགས་སྒྲིག་ཞིབ་ཚགས་བྱས་ཏེ། རེ་སྒུག་ཆེན་པོས་པར་ཆས་ཀྱི་མདུན་དུ་བསྡད་དེ། ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། པར་ཆས་ཀྱི་ཐེབས་ཅོག་ཡང་ཡང་མནན་པ་དང་བསྟུན་ནས་དྲོ་སྐྱིད་ལྡན་པའི་སྐད་ཅིག་མ་དེ་མྱུར་དུ་པར་ལེན་བྱས། ནང་མི་ཡོངས་ལ་པར་ལེན་བྱས་རྗེས་ཀྱི་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོའི་ཡུལ་མི་པ་སངས་ཚེ་རིང་གིས་དང་པོའི་བཅོ་ལྔའི་དུས་ཆེན་སྐབས་ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་ལ་མྱོང་རོལ་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་། དུས་རྒྱུན་ལས་ཀ་བྲེལ་བ་ཆེ་བས་ནང་མི་མཉམ་བཞུགས་ཀྱི་པར་ལེན་བྱེད་པའི་གོ་སྐབས་ཧ་ཅང་དཀོན་ཞེས་བཤད་པ་རེད།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196321.html 1 ཆུ་ཤུར་རྫོང་གིས་དང་པོའི་བཅོ་ལྔར་མཉམ་འཛོམས་བྱས་ནས་ནང་མི་ཚང་མས་བདེ་སྐྱིད་འཚོ་བར་རོལ་ཞེས་པ་གཙོ་དོན་དུ་བྱས་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ། /enpproperty-->