分享按钮

ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲེན་ཁོའོ་བྷེ་ཨུ་རུ་སུའི་སྲིད་འཛིན་ལ་བསྟུད་མར་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་27ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་ལི་ཧྲན་ཏ་·ལུའུ་ཁ་ཧྲེན་ཁོའོ་ལ་གློག་འཕྲིན་བཏང་ནས།ཁོང་བྷེ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བསྟུད་མར་བདམས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ཉེ་བའི་ལོ་ཤས་རིང་།ང་དང་སྲིད་འཛིན་ཕྱོགས་དབར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་འཆར་འགོད་དང་སྣེ་ཁྲིད་བྱས་ནས།རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།ཕྱོགས་གཉིས་པོས་ཕན་ཚུན་ཆབ་སྲིད་ཀྱི་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཕྱོགས་མང་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ངས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་སྲིད་འཛིན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བའི་འཕེལ་རྒྱས་དེ་བས་ཟབ་པ་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195569.html 1 ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲེན་ཁོའོ་བྷེ་ཨུ་རུ་སུའི་སྲིད་འཛིན་ལ་བསྟུད་མར་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ། /enpproperty-->