(པར་ངོས་དང་པོར་མཐུད)ལས་རིཊ་ཁག་གི་མི་སྣ་2000ལྷག་ཙམ་ལྷན་འཛོམས་ཀྱིས་དུས་ཆེན་ལ་བསུ་བ་ཞུས་ཤིང་། ཡུལ་དངོས་སུ་སྤྲོ་སྣང་དང་ཞི་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཕྱུག
སྔ་དྲོའི་ཆུ་ཚོད་10ཙམ་ལ། སྤྲོ་སྣང་དོད་པའི་དབྱངས་རྟའི་ཁྲོད་ཞི་ཅིན་ཕིང་སོཊ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོམས་ཆེན་དུ་ཕེབས་པ་དང་། ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་བར་མ་ཟད། ཕན་ཚུན་དབར་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རེས་གནང་ནས་ཚོམས་ཆེན་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲཊ་ཡོད།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གསོག་ཚད་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་བྱས་པ། འཕར་ཚད་སྲིད་ཇུས་རབ་དང་རིམ་པ་འདོན་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་གོང་འཕེལ་བྱུང་ཡོད། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་རྣམ་པ་གསར་པ་མངོན་ཡོད། འཛམ་གླིང་ཡོངས་ལ་བལྟས་ན། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ང་ཚོས་བྱ་གཞག་ཁག་མཐུན་སྦྱོར་ངང་མཉམ་དུ་སྤེལ་རྒྱུར་མཐོང་ཆེན་བྱས་ནས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་དང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བཅས་ཚང་མར་ཡར་རྒྱས་གསར་པ་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེན་བྱས་པ་དང་། ལས་ཞུགས་དང་ཟོག་གོང་བརྟན་པོ་རྒྱུན་འཁྱོངས་ཡོང་བར་བྱས་པ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་བ། གོང་འཕེལ་དང་བདེ་འཇཊ་ལ་གཅིག་གྱུར་འཆར་འགོད་བྱས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་གོ་རིམ་ལྡན་ཞིང་ནུས་ལྡན་ངང་བསལ་བ། སྤྱི་ཚོཊ་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་བཅག་ནས་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་བོད་ལྗོངས་ཀྱི་དིང་རིའི་ས་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད། ཤང་ཀང་དང་ཨའོ་མོན། ཐའེ་དབན་བཅས་ཀྱི་ལས་དོན་མུ་མཐུད་ལེགས་པར་བསྒྲུབས་པ་དང་། ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། རང་རྒྱལ་གྱི་ལུས་རྩལ་པར་ཕ་རི་སིའི་ཨོ་རྩལ་འགྲན་ཚོཊ་ཐོག་ཕྱི་རྒྱལ་དུ་འགྲན་བསྡུར་ནང་ཞུཊ་པའི་གྲུབ་འབྲས་ཡག་ཤོས་ཐོབ་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོཊ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་བ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་བཅས་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་མིའི་རིཊ་ཀྱི་གོང་འཕེལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་དྲང་ཕྱོཊ་ཀྱི་ནུས་ཤུཊ་དེ་བས་མང་བ་བསྣན་ཡོད། ང་ཚོས་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུཊ་མུ་མཐུད་དུ་ཆེ་རུ་བཏང་བ། ཏང་གི་འགོ་ཁྲིད་སྟོབས་ཤུཊ་ཆེ་བ་དང་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེཊ་སུ་བཏང་བ་བཅས་ཀྱི་ཐོག་ནས་བྱ་གཞག་ཁག་གོང་དུ་འཕེལ་བར་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་རེད།
ཞི་ཅིན་ཕིང་གིས།ལོ་གཅིག་རིང་གི་གོང་འཕེལ་བརྒྱུད་རིམ་ཧ་ཅང་སྤྱིར་བཏང་མིན་པ་དང་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་ཡོད། ང་ཚོས་འབད་འཐབ་བྱས་པས།དཀའ་ངལ་དང་འགལ་རྐྱེན་གང་འདྲ་ཞིག་ཡིན་རུང་ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་དུ་གཉེར་བའི་མདུན་སྐྱོད་ཀྱི་གོམ་སྟབས་བཀག་འགོག་བྱ་མི་ཐུབ་ལ། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུཊ་སྐྲུན་དང་མི་རིཊ་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཡང་བཀག་འགོག་བྱ་མི་ཐུབ་པ་ཡང་བསྐྱར་ར་སྤྲོད་ཐུབ་ཡོད། ང་ཚོས་སེམས་ཤུཊ་དང་དད་སེམས་བརྟན་པོ་དེར་གཡོ་འགུལ་མི་གཏོང་བ་དང་། འགལ་བ་དང་གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་པར་གཡོལ་ཐབས་མི་བྱེད་པ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པར་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཚེ། སྒྱུར་བཅོས་གོང་འཕེལ་གྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། སྤྱི་ལོ་2025ལོ་ནི“ལོ་ལྔ་ཚན་འཆར་འགོད་བཅུ་བཞི་པའི”མཇུག་བསྡུ་བའི་ལོ་ཞིག་ཡིན། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་གཞི་ཚུགས་ས་སྤུས་མཐོའི་གོང་འཕེལ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་ཁྱོན་ཡོངས་ཀྱི་ཐོག་ནས་ལག་ལེན་བསྟར་བ། གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ཀྱི་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་ཕོག་ཐུག་སྔོན་འགོག་དང་སེལ་བ། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། ང་ཚོས“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི”གྲོས་འགོ་བཟོས་ནས་བརྗིད་ཉམས་ལྡན་པའི་དམིཊ་འབེན་ཕྱོཊ་སུ་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོཊ་ཀྱི་དགོས་མཁོ་དང་དོ་ཁུར་ལ་དུས་ཐོག་ཏུ་ལན་ཆ་སྤྲོད་པ། སེམས་ཤུཊ་དང་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་དོན་དག་ལེཊ་པར་སྒྲུབ་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་འཛུཊ་སྐྱོང་གི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་ཏུ་འཇུག་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་ཧྭའི་རིག་གནས་ནང་སྦྲུལ་ནི་སྤྱང་གྲུང་དང་། བློ་གྲོས། གསོན་ཤུཊ་བཅས་ཀྱི་མཚོན་རྟགས་ཤིག་ཡིན་ཞིང་། དེའི་ཐོག་ནས་ལོ་ལེགས་དང་། བཀྲ་ཤིས་པ། ཕུན་སུམ་ཚོགས་པའི་གོ་དོན་མཚོན་གྱི་ཡོད། སྦྲུལ་ལོར། རྒྱལ་ཡོངས་མི་རིཊ་ཁག་གི་མི་དམངས་ཀྱིས་སྦྲུལ་ལྟར་ལེ་དབར་སྟོང་ལ་སྐྱོད་པའི་ངར་ཤུཊ་ལ་བརྟེན་ནས་སེམས་ཤུགས་དང་རེ་བ་བཅངས་ཏེ།གསར་གཏོད་ཡར་རྒྱས་དང་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱ་རྒྱུ་དང་།ཐུན་མོང་ཐོག་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་ཐོག་རིག་རྩལ་ལས་དོན་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་གྲས་ཚོཊ་འདུར་ཞུཊ་པ་རེད།
ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཞུགས་མཁན་གྲས་སུ་ད་དུང་ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་གནང་བའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི། མིང་དུ་གྲགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་སའི་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ཡོད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社