分享按钮

(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའེ་དང་ཐོག་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་གྲོང་ཤར་རུ་ཆེན་དུ་ཕེབས་ནས་ལས་རེས་འགྲིམ་འགྲུལ་ཉེན་རྟོག་པར་མཇལ་དར་ཕུལ་བ་དང་།འདས་ཟིན་པའི་ལོ་གཅིག་རིང་ཚང་མས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་གྲོང་མིའི་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་ཆེད།དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།ཁོང་གིས།འགྲིམ་འགྲུལ་ཉེན་རྟོག་དཔུང་ཁག་ནི་གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། ཚང་མས་ཁྱིམ་ཚང་ཆུང་ཆུང་བློས་གཏོང་གིས་ཚང་མའི་ཆེད་དུ་འཐབ་ས་མདུན་མ་བརྟན་སྲུང་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་འགྲིམ་འགྲུལ་ཉེན་རྟོག་པས་མི་དམངས་ལ་ཕན་པ་འདོགས་པའི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད། ཚང་མས་མུ་མཐུད་དུ་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་རྒྱ་ཆེའི་གྲོང་མིར་དེ་བས་བདེ་འཇགས་དང་སྟབས་བདེ་བའི་འགྲིམ་འགྲུལ་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁོར་ཡུག་འཕྲོད་བསྟེན་བཟོ་པ་ནི་གྲོང་ཁྱེར་གྱི་མཛེས་བཟོ་བ་ཡིན་ཞིང་། དུས་ཡུན་རིང་པོའི་ནང་བརྩོན་འགྲུས་ཀྱི་ལག་གཉིས་ལ་བརྟེན་ནས་ཁུག་ཀྱོག་གཅིག་ཀྱང་མ་ལུས་པར་གཙང་སྦྲ་འཕྲོད་བསྟེན་བྱས་ནས་གྲོང་ཁྱེར་དོ་དམ་ཆེད་རྔུལ་ཆུ་འབོར་ཆེན་བཏོན་ཡོད། གཡུ་ཐོག་ལམ་དུ་ཕེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་བྱམས་བརྩེའི་ངང་ཕྱག་བཏང་ནས་ཁོང་ཚོའི་ཁྱིམ་ཚང་གི་གནས་ཚུལ་དང་ལས་ཀའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བར་མ་ཟད། ཁོང་ཚོར་འཚམས་འདྲིའི་དངུལ་ཡང་ཕུལ་བ་རེད། ཁོང་གིས།གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ནི་གྲོང་ཁྱེར་གྱི་ཤེས་དཔལ་མངོན་པའི་སྐར་ཁུང་ཞིག་ཡིན་པས། ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཡོངས་ཀྱིས་ལས་གཅེས་ལས་བཀུར་དང་དཀའ་ངལ་ཁྱད་བསད་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་ནས་དེ་བས་གཙང་བ་དང་དེ་བས་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁོར་ཡུག་འཕྲོད་བསྟེན་བཟོ་པར་དོ་ཁུར་དང་གཅེས་སྐྱོང་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོར་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་བྱེད་དགོས་ཞེས་གསུངས་པ་རེད།

གཙུག་ལག་ཁང་དུ་ཕེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། མེ་གསོད་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད།ཁོང་གིས།བར་སྐོར་གནའ་གྲོང་ནི་ཡུལ་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བས། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ཁྱབ་ཁོངས་ཡོངས་དང་། ཕྱོགས་ཡོངས། སྦྲེལ་ཐག་ཡོངས་བཅས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས་པའི་ནན་གསུངས་གནང་བ་རེད།

བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་དུ་ཕེབས་སྐབས་ཤའོ་ཡིའུ་ཚའེ་ཡིས“རྒན་གྲས་གསུམ”གྱི་མི་སྣར་མཇལ་དར་ཕུལ་བ་དང་། ཚང་མ་དང་ལྷན་དུ་ཁྱིམ་ཚང་དང་། འཕེལ་རྒྱས་སྐོར་གླེང་བར་མ་ཟད། ཁོང་ཚོའི་ལུས་པོའི་གནས་ཚུལ་དང་ཁྱིམ་ཚང་གི་གནས་ཚུལ་ལའང་བཀའ་འདྲི་ཞིབ་ཕྲ་གནང་ནས། ཁོང་ཚོས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས།“རྒན་གྲས་གསུམ”ནི་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་གི་སེམས་ཁུར་བྱེད་ས་ཡིན་པས། ཚང་མས་ལུས་པོར་ལྟ་རྟོག་བྱས་ནས་མུ་མཐུད་དུ་དྲང་ནུས་ལྷག་མ་འདོན་སྤེལ་བྱས་ཏེ་ཐབས་འདོན་ཇུས་འབུལ་མང་ཙམ་བྱེད་དགོས།རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་དང་བརྩེ་བ་ལ་བརྟེན་ནས“རྒན་གྲས་གསུམ”གྱི་ཞབས་ཞུའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་དཀའ་ངལ་གྱི་གནས་ཚུལ་སེམས་ནང་འཇོག་དགོས་པ་དང་། རྒས་དུས་རྟེན་ས་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་པ་བྱེད་དགོས་ཞེས་གསུངས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195567.html 1 /enpproperty-->