分享按钮

2025ལོའི་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ ལས་དོན་གྱི་ཚོགས་འདུ་ལྷ་སར་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་26ཉིན།2025ལོའི་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་དོན་གྱི་ཚོགས་འདུ་ལྷ་སར་འཚོགས་པ་རེད།

ཚོཊ་འདུའི་ཐོག རྒྱལ་ཡོངས་དྲིལ་བསྒྲཊ་པུའུ་ཀྲང་གི་ཚོཊ་འདུའི་དགོངས་དོན་དང་། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཅུས་ཀྲང་གི་ཚོཊ་འདུའི་དགོངས་དོན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཊ་འདུའི་དགོངས་དོན། ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲཊ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲཊ་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་དོན་ཐད་གནང་བའི་མཆན་བཀོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲཊ་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། 2024ལོར་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་ལས་དོན་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་ཚན་པ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག“འདུ་འགོད་ཆེན་པོ་དགུར”དམ་པོར་དམིཊ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། རིག་གནས་བྱ་གཞག་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཐོག རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་རིམ་པ་ཁག་གིས་ཆབ་སྲིད་ཀྱི་རང་རྟོགས་གོང་མཐོར་གཏོང་བ་དང་གཟེར་འདེབས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་ནན་པ། བྱ་ཐབས་སྔར་ལས་དོན་འཁྱོལ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་ལེགས་པོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་ལ་མཐའ་གཅིག་ཏུ་སྐུལ་འདེད་དང་ལེཊ་འགྲུབ་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

རང་སྐྱོང་ལྗོངས་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ་དང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ཁོངས་གཏོཊ་ཀྱི་འགོ་ཁྲིད་ལས་བྱེད་པ། ས་གནས(གྲོང་ཁྱེར)བདུན་གྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོཊ་ཀྱི་འགོ་ཁྲིད་ལས་བྱེད་པ། རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195565.html 1 2025ལོའི་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ ལས་དོན་གྱི་ཚོགས་འདུ་ལྷ་སར་འཚོགས་པ། /enpproperty-->