ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་དཀའ་ངལ་ཡོད་པའི་ལས་བཟོ་བ་པད་མ་སྒྲོལ་དཀར་དང་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་སྐྲ་བཟང་གི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བར་མ་ཟད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད། དེ་རྗེས་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་2025ལོའི་དུས་ཆེན་གསུམ་གྱི་ངལ་རྩོལ་དཔེ་བཟང་དང་བཟོ་བོའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། པད་མ་སྒྲོལ་དཀར་དང་སྐྲ་བཟང་གི་ཁྱིམ་དུ་ཀྲའོ་ཧུའེ་ཉན་གྱིས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བར་མ་ཟད། དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ཡོད། ཁོང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཆེན་རིང་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་བྱེད་སྒོ་མང་པོ་སྒྲིག་འཛུགས་བྱས་ཏེ་ཞི་མཐུན་གྱི་དུས་ཆེན་རྣམ་པ་ཞིག་གཏོད་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཐུན་མོང་ཐོག་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་ལ་རོལ་རྒྱུ་ཡོང་བར་བྱེད་དགོས་ཞེས་གསུངས།
དེ་རྗེས་ཀྲའོ་ཧུའེ་ཉན་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་2025ལོའི་དུས་ཆེན་གསུམ་གྱི་ངལ་རྩོལ་དཔེ་བཟང་དང་བཟོ་བོའི་བཞུགས་མོལ་ཚོགས་འདུར་ཞུཊ་ནས་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ཡོད། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་སྔོན་ཐོན་དཔེ་མཚོན་མི་སྣ་ཡིན་པའི་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་ཚོཊ་སྤྱི་ཚང་མས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་དུས་རབས་གསར་པའི་རྒྱང་ལམ་ཐོག་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོཊ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེཊ་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་འདས་ཟིན་པའི་ལོ་གཅིག་ནང་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱིས་རྩ་དོན་ལྔ་མཐའ་འཁྱོངས་དང་འཐབ་ཇུས་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད། བཟོ་ཚོགས་ཁོངས་གཏོགས་ཀྱིས་དམིགས་བསལ་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་ལས་བཟོའི་གཞི་གྲངས་སྔར་བས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ།འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟར་དཀའ་ངལ་སེལ་བའི་ལས་དོན་མང་ཙམ་བསྒྲུབས་ནས་མ་དངུལ་དེ་དག་དགོས་མཁོ་ཆེ་ཤོས་ཀྱི་ལས་བཟོའི་ཐོག་སྤྱོད་དགོས། དཀའ་ངལ་ཡོད་པའི་ལས་བཟོའི་དགོས་མཁོ་དངོས་ལ་དོ་ཁུར་བྱས་ཏེ་དམིགས་སའི་རང་བཞིན་དང་ཧེ་བག་ཅན་གྱི་རོགས་སྐྱོར་བྱས་ནས་གནད་ལ་འཁེལ་བ་དང་འགག་རྩའི་དུས་སུ་རོགས་སྐྱོར་ཧུར་ཐག་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གོ་སྐབས་དེ་དང་བསྟུན་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རིག་གནས་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། དམངས་ལ་བཅངས་པའི་བརྩེ་སེམས་དོན་འཁྱོལ་བྱེད་པ། དུས་ཆེན་རིང་གི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་རིཊ་ཁག་གི་ལས་བྱེད་པ་དང་མང་ཚོཊ་ཚོས་དུས་ཆེན་གཏོང་སྐབས་ཏང་དང་སྲིད་གཞུང་གི་ཐུཊ་ཁུར་ཚོར་ཐུབ་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社