分享按钮

ཝང་ཆང་གིས་དུས་ཆེན་གོང་གི་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་དང་མཁོ་འདོན་འགན་ལེན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)སྐྱེལ་འདྲེན་གྱི་འགྲོ་གྲོན་དང་དེ་བཞིན་ཕྱིར་ཚོང་གནས་ཚུལ་བཅས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན།སྒོ་རྩིས་ཚོང་ཁང་དེ་དམངས་འཚོ་མཁོ་འདོན་བྱ་ཡུལ་གལ་ཆེན་ཞིག་ཡིན་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་དུས་ཆེན་རིང་ཚོང་ཟོག་གི་རིགས་ཕུན་སུམ་ཚོགས་པ་དང་། མཁོ་སྤྲོད་འདང་ངེས། རིན་གོང་བརྟན་པོ་བཅས་ཡོང་བར་འགན་ལེན་བྱེད་དགོས་པ་དང་། འཕྲལ་སྡོམ་ཐག་གཅོད་བྱེད་ནུས་མཐོར་གཏོང་གིས་མེ་གསོད་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་མེ་གསོད་བདེ་འཇཊ་འགོག་སྲུང་གི་འཛིང་རཊ་མུ་མཐུད་བརྟན་དུ་གཏོང་དགོས་པ། ལས་བཟོ་བར་དུས་ཆེན་ལ་ཐུགས་ཁུར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཚང་མར་ལས་གནས་ཐོག་ནས་ཀྱང་དུས་ཆེན་གྱི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས།

ར་མོ་ཆེ་སྡེ་ཁུལ་གྱི་ལྕང་ར་སྒོ་ར་ཆེན་པོར་སླེབས་སྐབས་ཝང་ཆང་གིས་སྡེ་ཁུལ་གྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་སྒོ་ར་ཆེན་པོའི་ནང་གི་གྲོང་མིའི་འཚོ་བའི་གནས་ཚུལ་དང་སྒོ་ར་ཆེན་པོ་སྒྱུར་བཀོད་བྱས་ཚུལ་ལ་ཤེས་རྟོགས་དང་། ཡུལ་དངོས་སུ་གློག་སྒུལ་སྦག་སྦག་གི་གཅིག་སྡུད་གློག་གསོག་སྒྲིག་ཆས་བཀོད་སྒྲིག་བྱས་ཚུལ་ལ་ལྟ་ཞིབ་གནང་བར་མ་ཟད། སྒོ་ར་ཆེན་པོའི་རིག་ནུས་གློག་སྤྱོད་དང་མེ་གསོད་བདེ་འཇགས་དོ་དམ་ལས་དོན་ལའང་ཤེས་རྟོགས་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན།ཁྲེང་ཀོན་ཆུས་ཀྱིས་བོད་སྐྱོར་མ་དངུལ་ལུགས་མཐུན་ངང་བེད་སྤྱོད་བྱས་ཏེ།ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལྕང་ར་སྒོ་རའི་རིག་ནུས་གློག་སྤྱོད་ཀྱི་ཉམས་མྱོང་དེ་ཁྲོམ་གཞུང་སྡེ་ཁུལ་གཞན་དག་ལ་ཁྱབ་གདལ་གཏོང་དགོས་པ་དང་། དམངས་ཕན་གྱི་རྣམ་གྲངས་ལ་དངོས་སུ་ཕན་ནུས་ལྡན་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པར་བྱེད་དགོས།

དེ་རྗེས།ཝང་ཆང་སྲང་ལམ་བརྒྱུད་ནས་ར་མོ་ཆེ་གཙུག་ལག་ཁང་དུ་ཕེབས་ནས་འབྲེལ་ཡོད་འགན་འཁུར་བས་དགོན་པའི་བདེ་འཇགས་དོ་དམ་གྱི་ལས་དོན་སྙན་སེང་ཞུས་པར་ནན་ཏན་གྱིས་གསན་པ་དང་།ལས་གནས་བརྟན་སྲུང་བྱེད་མཁན་དགོན་པའི་ལས་དོན་པར་ལོ་གསར་གྱི་སྨོན་འདུན་ཞུས་ཡོད། དེ་ནས་དགོན་པའི་ནང་དུ་ཕེབས་ནས་མེ་གསོད་སྒྲིག་ཆས་དང་གློག་འདོན་སྒྲིག་ཆས་བེད་སྤྱོད་བྱས་ཚུལ་ལ་ཤེས་རྟོགས་གནང་བ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་འཚམས་འདྲིའང་གནང་བ་རེད། ཁོང་གིས་མཛུབ་སྟོན་གནང་དོན།དུས་ཆེན་རིང་དགོན་པའི་ནང་མི་ཚོགས་འཁོར་རྒྱུན་ཅུང་མང་བས། ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པའི་གྲྭ་ཤག་བསྐྱར་སྐྲུན་ལས་དོན་ལ་དམིཊ་ཏེ། བདེ་འཇཊ་འགན་ལེན་བྱ་ཐབས་ཡག་པོ་སྤྱད་དེ་ལག་ལེན་དུ་འཁྱོལ་ཐུབ་པའི་ཇུས་གཞི་བཟོ་དགོས།

ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ་དུ་གནས་པའི་ཁམས་གསུམ་ཨ་མའི་བོད་ཟས་ཁང་དུ་སླེབས་སྐབས་ཝང་ཆང་གིས་ཟ་ཁང་གི་ཐབ་ཚང་དང་སྒྲོམ་སྟེགས་སྤོ་ལོའི་ཁང་ལ་གཟིགས་ཞིབ་གནང་ཞིང་། ཐབ་ཚང་དུ་སྤྱོད་པའི་མེ་ཤིང་གི་རིགས་དང་ཚལ་གྱི་རིགས། དེ་བཞིན་ཟ་ཁང་གི་ཚོང་གཉེར་གནས་ཚུལ་ཧྲིལ་པོ་བཅས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། དེས་མ་ཚད་ཟ་ཁང་གིས་ཐོན་སྐྱེད་བདེ་འཇགས་དང་ཟས་རིགས་འཕྲོད་བསྟེན་ཐད་འབད་བརྩོན་བྱས་པར་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས་ནན་གསུངས་གནང་དོན། བཟའ་བཏུང་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བཟའ་བཅའི་བདེ་འཇགས་དང་ཚལ་གྱི་སྤུས་ཚད་ཨང་དང་པོར་བཞག་ནས་བཟའ་བཅའི་རྒྱུ་ཆའི་ཡོང་ཁུངས་དང་ལས་སྣོན་བརྒྱུད་རིམ་ལ་ཚོད་འཛིན་ནན་པོ་བྱས་ཏེ་སྐུ་མགྲོན་ལ་བདེ་འཇཊ་དང་། སྤུས་ལེཊ། བློ་བདེ་བཅས་ཀྱི་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་དགོས།

གྲོང་སྤྱི་གཞོན་པ་པདྨ་གཡུ་སྒྲོན་བརྟག་ཞིབ་གནང་བར་མཉམ་དུ་ཕེབས་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195563.html 1 ཝང་ཆང་གིས་དུས་ཆེན་གོང་གི་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་དང་མཁོ་འདོན་འགན་ལེན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->