分享按钮

“གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བར”སྐུལ་འདེད་གཏོང་ཆེད་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་བ།

(པར་ངོས་དང་པོར་མཐུད) གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སའི་གློག་འཕྲིན་གྱི་ལས་སྒོ་ཀུན་འདུས་ལྟེ་གནས་ནི་ལྷ་སའི་སྦྲག་སྲིད་གློག་འཕྲིན་ཐོག་ཁང་ནང་གནས་ཡོད་པ་དང་དེ་ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་གནས་རྟགས་རང་བཞིན་གྱི་འཛུགས་སྐྲུན་ཞིག་རེད། དུས་རབས་ཕྱེད་ཀའི་རིང་ལ་ལྷ་ས་གྲོང་ཁྱེར་གྱི་འཕྲིན་གཏོང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པར་དྲན་གསོ་དང་འགྲེམས་སྟོན་བྱ་ཆེད།ལྟེ་གནས་དེས་ད་དུང་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁུལ་དམིཊ་སུ་བཀར་ནས་ཇུས་འགོད་བྱས་ཡོད་ཅིང་། སྐུད་ཡོད་ཁ་པར་འཕྲུལ་ཆས་དང་། སྒོར་དབྱིབས་ཅན་གྱི་ཁ་པར། BBའཕྲུལ་འཁོར། ཞའོ་ལིན་ཐུང་སོགས་ཀྱི་འཕྲིན་གཏོང་ཡོ་བྱད་འགྲེམས་སྟོན་ཁང་དུ་བཤམས་ཡོད་པས།གྲོང་མི་རྣམས་ལ་འཕྲིན་གཏོང་གི་འཕོ་འགྱུར་དང་ཚན་རྩལ་ཡར་རྒྱས་ལས་བྱུང་བའི་འཕོ་འགྱུར་ཆེན་པོ་ཚོར་ཐུབ་པ་བྱུང་ཡོད།

ལྷ་སའི་གློག་འཕྲིན་བརྒྱུད་ལམ་གཉེར་སྐྱོང་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཟླ་བ་སྒྲོལ་མས།ལྷ་སའི་གློག་འཕྲིན་གནས་སའི་སྦྲག་སྲིད་ཐོག་ཁང་དེ་1974ལོར་བསྐྲུན་པ་ནས་ད་བར་དུས་རབས་ཕྱེད་ཀ་ཕྱིན་ཡོད།གློག་འཕྲིན་ལས་སྒོ་ནས“ཀྲའོ་སྟོང་གསུམ”གྱི་ལས་སྒོའི་བར་འགྱུར་ལྡོག་མང་པོ་བྱུང་བ་བརྒྱུད།ང་ཚོས་སྔར་བཞིན“མི་དམངས་ཀྱི་སྦྲག་སྲིད་མི་དམངས་ཀྱི་ཆེད་དུ་ཡིན”པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་གཏོང་མ་མྱོང་།ང་ཚོའི་ལས་སྒོ་ཀུན་འདུས་ལྟེ་གནས་ཚོང་ཁང་དངོས་སུ་རིམ་སྤོར་བྱས་ནས་སྒོ་ཕྱེ་རྗེས། རྒྱ་ཆེའི་གྲོང་མི་རྣམས་ལས་གཉེར་ཁང་དུ་ཕེབས་ནས་སྲིད་གཞུང་དང་ཁེ་ལས་ཀྱི་ཆ་འཕྲིན་ཅན་གྱི་ལས་སྒོ་དང་ཁྱིམ་ཚང་ཆ་འཕྲིན་ཅན་གྱི་ལས་སྒོ་ཉམས་ལེན་བྱེད་ཆོག་པ་དང་དུས་མཚུངས་མི་དམངས་སྦྲག་སྲིད་གློག་འཕྲིན་གྱི་འཕེལ་རྒྱས་བརྒྱུད་རིམ་དང་འཕྲིན་གཏོང་ཡོ་བྱད་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་ཐུབ། ལས་གཉེར་ཁང་ནང་ད་དུང་མི་དམངས་སྦྲག་སྲིད་གློག་འཕྲིན་གྱི་ནང་དོན་མཚོན་པའི་ཁོག་ཧྥེ་ཁང་ཡང་ཡོད་པས་ཚང་མ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། འབྱུང་འགྱུར་ང་ཚོས་ཀྱང་འཛད་སྤྱོད་པ་གོང་དུ་བཀུར་བ་དང་སེམས་རྩ་འཁོལ་པོས་ཞབས་ཞུ་བསྒྲུབ་པའི་འདུ་ཤེས་འཛིན་ཏེ།ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་ཞབས་ཞུའི་བྱ་ཐབས་ལེགས་སུ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་གཅིག་འཐུས་ཅན་དང་ཕྱོགས་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་གི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུ་དང་།ཚན་རྩལ་གྱི་སྟབས་བདེ་མིག་མཐོང་ལག་ཟིན་ཐུབ་པ་དང་གྲངས་འཛིན་འཚོ་བའི་མཛེས་སྡུག་ལྡན་པའི་འདུན་པ་དོན་དངོས་སུ་འགྱུར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194267.html 1 “གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བར”སྐུལ་འདེད་གཏོང་ཆེད་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་བ། /enpproperty-->