分享按钮

ཕོ་བྲང་པོ་ཏ་ལ་འཛམ་གླིང་ཤུལ་བཞག་ལ་རེ་ཞུ་བྱས་པ་ལམ་ལྷོངས་བྱུང་ནས་ལོ་30འཁོར་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

(པར་ངོས་དང་པོར་མཐུད)བོད་ལྗོངས་འཕེལ་རྒྱས། བོད་ལྗོངས་དར་རྒྱས་བཅས་ཀྱི་གསོན་ཉམས་ལྡན་པའི་ལོ་རྒྱུས་ཀྱི་ལག་ལེན་མཚོན་ཡོད་ཅེས་བཤད། གཞན་ཡང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཕོ་བྲང་པོ་ཏ་ལ་འཛམ་གླིང་ཤུལ་བཞག་ལ་རེ་ཞུ་བྱས་པ་ལམ་ལྷོངས་བྱུང་ནས་ལོ་30འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དམར་པོ་རིའི་སྟེང་དུ་ཆགས་པའི་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་7པར་བསྐྲུན་འགོ་ཚུགས་ཤིང་། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་རྣམ་པ་ཆ་ཚང་ཤོས་ཀྱི་ཕོ་བྲང་དང་མཁར་རྫོང་རྣམ་པའི་གནའ་བོའི་བཟོ་སྐྲུན་གྱི་གྲས་ཤིག་ཡིན་པ་དང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འཛམ་གླིང་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱས་པ་ལམ་ལྷོངས་བྱུང་ནས་ལོ་30སོང་རིང་། ཕོ་བྲང་པོ་ཏ་ལར་ཡུལ་སྐོང་དུ་ཡོང་མཁན་ཆེས་ཤིན་ཏུ་མང་པོ་བྱུང་ཡོད། གྲངས་གཞི་ལས་མངོན་པར། 2014ལོ་ནས་ད་བར་ཕོ་བྲང་པོ་ཏ་ལས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1440ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194266.html 1 ཕོ་བྲང་པོ་ཏ་ལ་འཛམ་གླིང་ཤུལ་བཞག་ལ་རེ་ཞུ་བྱས་པ་ལམ་ལྷོངས་བྱུང་ནས་ལོ་30འཁོར་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། /enpproperty-->