(པར་ངོས་དང་པོར་མཐུད)ད་དུང་འཛམ་གླིང་རིག་གནས་ཤུལ་བཞག་གྲོང་ཁྱེར་ལྷ་སར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ཡོད་ཅེས་བཤད།
བྱེད་སྒོ་སྤེལ་རིང་གྲོང་མི་དང་ཡུལ་སྐོར་བས་ལྷ་སའི་རྫོང་ལྔ་དང་ཆུས་གསུམ་གྱི་མཚོན་བྱེད་རང་བཞིན་གྱི་སྲོལ་རྒྱུན་རྒྱན་གོས་ལ་རོལ་མྱོང་བྱས་ཡོད།ས་ཁོངས་མི་འདྲ་བའི་མི་རིགས་གྱོན་ཆས་ཀྱི་ཁྱད་ཆོས་ལྡན་པའི་ཚོན་མདོག་རྣམ་པར་བཀྲ་པའི་བོད་རིགས་ཀྱི་ཕྱུ་པ་ཡིན་ནའང་འདྲ།ཡང་ན་ཞིབ་ཚགས་པའི་འཚེམ་དྲུབ་དང་། སྤུས་ལེགས་ཀྱི་དངུལ་རྒྱན་དང་ཞྭ་མོ་ཡིན་ནའང་འདྲ།གང་ལྟར་ཚང་མས་ལྷ་སའི་གྱོན་ཆས་ཀྱི་བཟོ་དབྱིབས་དང་། རྒྱུ་ཆ།བཟོ་རྩལ་བཅས་ཐད་ཀྱི་སྣ་མང་རང་བཞིན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།
བྱེད་སྒོའི་འཁྲབ་ཁྲིད་པ་བློ་བཟང་སྒྲོལ་མས་བཅར་འདྲི་དང་ལེན་བྱེད་སྐབས་ང་ཚོས་རྣམ་པ་གསར་བའི་བྱེད་སྟངས་དེ་རིགས་ལ་བརྟེན་ནས་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་ཡུལ་སྐོར་བ་དེ་བས་མང་པོར་ངོམས་ནས་ཚང་མས་བོད་ཀྱི་མི་རིགས་རིག་གནས་ལ་དོ་ཁུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། གནའ་བོའི་གྲོང་ཁྱེར་གྱི་བར་སྐོར་ནི་རིག་གནས་ཀྱི་གནས་རྟགས་ཤིག་ཡིན་པའི་ངོས་ནས་སྐོར་སྐྱོད་བྱེད་སྒོ་དེ་རིགས་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པ་ཞིག་ཡིན་ལ།ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་ཞིག་ཀྱང་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་ལེགས་གྲུབ་ངང་སྤེལ་བ་དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།དེས་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་རིན་ཐང་མཐོ་རུ་ཕྱིན་པར་མ་ཟད།ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་མི་དང་ཡུལ་སྐོར་བར་མཐོང་ཚོར་དང་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社