ཟླ་1ཚེས་5ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་།རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་ཀྱི་བྱ་ཐབས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། བྱ་ཐབས་ལེགས་སྒྲིག་བྱས་རྗེས།རྒྱལ་ཡོངས་ལྕགས་ལམ་གྱིས་བྱ་ཐབས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་འགྲུལ་པའི་མེ་འཁོར་13028བཀོད་སྒྲིག་བྱས་པ་དེ་ད་ལྟའི་དཔེ་རིས་ལས་མེ་འཁོར་230མང་དུ་ཕྱིན་ཡོད་པ་དང་། དངོས་ཟོག་མེ་འཁོར་22859འཁོར་སྐྱོད་བྱས་པ་དེ་ད་ལྟ་ལས་མེ་འཁོར་91མང་དུ་ཕྱིན་ནས་ལྕགས་ལམ་གྱི་འགྲུལ་པ་དང་དངོས་ཟོག་འདྲེན་པའི་ནུས་པ་དང་། ཞབས་ཞུའི་སྤུས་ཚད། འཁོར་སྐྱོད་ལས་ཕྱོད་བཅས་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།
པར་འདི་ནི་ཟླ་1ཚེས་4ཉིན་འགྲུལ་སྐྱེལ་མེ་འཁོར་ཞིག་ནན་ཅིང་འབྲི་ཆུའི་ཟམ་ཆེན་འོག་ནས་ཐོན་བཞིན་པའི་རྣམ་པ་ཡིན།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社