(པར་ངོས་དང་པོར་མཐུད)འཛུགས་སྐྲུན་ཚད་གཞི་དང་བླང་བྱ་ལྟར་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། 2024ལོར། འདམ་གཞུང་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་གྱི་རྣམ་གྲངས་དངོས་སུ་འགོ་ཚུགས་པར་མ་ཟད། དུས་རིམ་རང་བཞིན་གྱི་ཕན་འབྲས་ཀྱང་ཐོབ་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ལག་བསྟར་བྱས་རྗེས། འདམ་གཞུང་རྫོང་གིས་འབྲི་གཡག་གི་ཐོན་ལས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཏེ། གསོ་སྤེལ་དང་། ཐོན་སྐྱོད། ལས་སྣོན། ཕྱིར་ཚོང་སོགས་ཚུད་པའི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་རིམ་བཞིན་བསྐྲུན་ཡོད། ཕྱིར་ཚོང་གི་ཐབས་ལམ་མུ་མཐུད་ནས་རྒྱ་སྐྱེད་བཏང་བ་བརྒྱུད།“འདམ་གཞུང་གི་འབྲི་གཡག”གི་གྲགས་རྟགས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་རང་སའི་གཡག་ཤ་ཁྲོམ་རར་ཕྱིན་ཚོང་བྱེད་པའི་བྱེད་སྒོའི་ཁྲོད། “འདམ་གཞུང་གི་འབྲི་གཡག”གི་ས་ཁམས་མཚོན་རྟགས་ཀྱི་ཆེད་སྤྱོད་མཚོན་རྟགས་ལྡན་པའི་གཡག་ཤ་བཏོན་མ་ཐག་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཉིན་རེའི་ཕྱིར་ཚོང་བྱེད་ཚད་རྒྱ་མ་5000ཡས་མས་ཟིན་པ་དང་། ཉིན་རེའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་18ཟིན་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社