分享按钮

ལྷ་སའི་ལོ་གསར་གྱི་རྒྱན་གོས་འགྲེམས་སྟོན་གྱི་སྐོར་སྐྱོད་བྱེད་སྒོ་བར་སྐོར་ཁྲོམ་གཞུང་དུ་སྤེལ་བ།

པར་འདི་ནི་མོ་ཐྲོལ་བས་བར་སྐོར་ཁྲོམ་གཞུང་དུ་རྒྱན་གོས་ངོམ་སྟོན་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་3ཉིན། ལྷ་སའི་ལོ་གསར་གྱི་རྒྱན་གོས་འགྲེམས་སྟོན་གྱི་སྐོར་སྐྱོད་བྱེད་སྒོ་བར་སྐོར་ཁྲོམ་གཞུང་དུ་སྤེལ་ཞིང་། བྱེད་སྒོའི་ནང་གསོན་ཉམས་ལྡན་པའི་རྒྱན་གོས་འགྲེམས་སྟོན་དང་མཉམ་འགུལ་བྱས་པ་བརྒྱུད།ལྷ་སའི་སྲོལ་རྒྱུན་རྒྱན་གོས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་པས།ད་ཐེངས་ཀྱི་མང་ཚོགས་རིག་གནས་བྱེད་སྒོའི་བཀྲག་མདངས་འཚེར་སར་གྱུར་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་མོ་ཐྲོལ་བས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ནས་གནའ་བོའི་བར་སྐོར་ཁྲོམ་གཞུང་ཐོག་བསྐྱོད་དེ་ཡུལ་དུས་ལས་བརྒལ་བའི་རིག་གནས་ཀྱི་ཕོ་ཉ་ཞིག་དང་འདྲ་བར་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ལྟ་སྐོར་བྱེད་བཞིན་ཡོད། འབྲོག་ཁུལ་དང་ཞིང་ཁུལ་གྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་པའི་མོ་ཐྲོལ་བས་གནའ་བོའི་ཁྲོམ་གཞུང་གི་རྡོ་གཅལ་ལམ་དུ་ངོ་མཚར་ཆེ་ཞིང་ཉམས་ཀྱིས་ཕྱུག་པའི་གར་སྟབས་བྱེད་བཞིན་ཡོད།གྱོན་ཆས་རེ་རེ་ལས་བོད་ཀྱི་ཡུན་རིང་གི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རིག་གནས་མཚོན་པར་མ་ཟད། མི་རིགས་ཀྱི་ཉམས་འགྱུར་ཟབ་མོས་ཁེངས་ཡོད། གྲོང་མི་དང་ཡུལ་སྐོར་བ་ཚོ་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་མཛེས་ཆོས་རིག་པའི་ཁོར་ཡུག་ཁྲོད་དབྱིངས་སུ་ཚུད་ནས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་བཏོན་ནས་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་ཉིད་ཟིན་ཐོར་བཀོད་ཡོད།ད་ཐེངས་ཀྱི་བྱེད་སྒོ་ནི་མཐོང་ཚོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་པར་མ་ཟད།རིག་གནས་ཀྱི་འདུ་འཛོམས་གཟབ་རྒྱས་ཤིག་དེ་བས་ཀྱང་ཡིན།གཙོ་གཉེར་ཕྱོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་བྱས་པ་བརྒྱུད་བོད་ཀྱི་རྒྱན་གོས་ཀྱི་རིག་གནས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་ཧུར་ཐག་བྱེད་པ་དང་ཆབས་ཅིག་དེང་རབས་ཀྱི་རླབས་རྒྱུན་རིག་གནས་དང་སྲོལ་རྒྱུན་རྒྱན་གོས་རིག་གནས་གཉིས་གདོང་གཏུགས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ལྷག་སྒྲོན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པར་བརྟེན་ལྷ་སའི་ཡུལ་ཁོངས་ཡུལ་སྐོར་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ད་ཐེངས་ཀྱི་ལྷ་སའི་ལོ་གསར་གྱི་རྒྱན་གོས་འགྲེམས་སྟོན་གཉེར་བ་བརྒྱུད་མི་མང་པོ་ཞིག་གིས་བོད་ཀྱི་རྒྱན་གོས་རིག་གནས་ཤེས་རྟོགས་ཐུབ་པར་མ་ཟད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194258.html 1 ལྷ་སའི་ལོ་གསར་གྱི་རྒྱན་གོས་འགྲེམས་སྟོན་གྱི་སྐོར་སྐྱོད་བྱེད་སྒོ་བར་སྐོར་ཁྲོམ་གཞུང་དུ་སྤེལ་བ། /enpproperty-->