ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གོ་གློག་འཕྲིན་ལྷ་སའི་ཡན་ལག་ཀུང་སིའི་ལས་སྒོ་ཀུན་འདུས་ལྟེ་གནས་སྒོ་འབྱེད་པའི་མཛད་སྒོ་དེ་ལམ་ལྔ་མདོ་ཁའི་སྦྲག་སྲིད་གློག་འཕྲིན་ཐོག་ཁང་དུ་སྤེལ་ཡོད། ལྷ་སའི་གློག་འཕྲིན་གྱི་ལས་སྒོ་ཀུན་འདུས་ལྟེ་གནས་སྒོ་ཕྱེ་བ་དེ་ནི་ལྷ་སའི་གློག་འཕྲིན་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་ལྗོངས་གློག་འཕྲིན་གྱིས་རྒྱལ་ཁབ་ཀྱི“རྨང་གཞིའི་འཛུགས་སྐྲུན་གསར་པའི”འཐབ་ཇུས་དང་ལེན་ཧུར་ཐག་བྱས་ཏེ།ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཞབས་ཞུ་གཞི་རིམ་དུ་གཏིང་ཟབ་སྤེལ་བ་དང་དམངས་འཚོར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད།
མཇུག་འགྲིལ་མ་ཐག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱིས་2025ལོའི་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཐད་བཀོད་སྒྲིག་ཁ་གསལ་གནང་ཡོད་ཅིང་། དེའི་ནང“ཀྲའོ་སྟོང་གཉིས”ཀྱི་གྲོང་ཁྱེར་དང་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་རིག་ནུས་སྦྲེལ་མཐུད་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རིམ་བཞིན“གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ”མངོན་འགྱུར་བྱ་རྒྱུ་ཚུད་ཡོད། དེར་བརྟེན། ལྷ་སའི་གློག་འཕྲིན་གྱི་ལས་སྒོ་ཀུན་འདུས་ལྟེ་གནས་དེར་གནས་ཚུལ་དང་བསྟུན་ནས་རིམ་སྤོར་དང་མདུན་གྲལ་གྱི་ཚན་རྩལ་སྒྲིག་ཆས་ནང་འདྲེན་བྱས་ཏེ། སྲིད་གཞུང་དང་ཁེ་ལས་ཀྱི་ཆ་འཕྲིན་ཅན་གྱི་ཉམས་ལེན་ཁུལ་དང་། ཁྱིམ་ཚང་ཆ་འཕྲིན་ཅན་གྱི་ཉམས་ལེན་ཁུལ། ཕྱིར་ཚོང་དང་ཞབས་ཞུ་གཞི་གཅིག་དང་གཅེས་སེམས་ས་ཚིགས་འགྲེམས་སྟོན་ཁུལ། ལས་སྒོ་བདག་སྤྲོད་ཁུལ་སོགས་ཀྱི་ཁྱབ་ཁོངས་བསྐྲུན་ནས་གྲོང་མི་མང་ཚོགས་ལ་གྲངས་འཛིན་ཅན་ལས་བྱུང་བའི་འཚོ་བ་དང་སྟབས་བདེ་དངོས་སུ་ཉམས་ལེན་བྱེད་དུ་འཇུག་རྒྱུ་རེད།
གསར་འགོད་པས་སྲིད་གཞུང་དང་ཁེ་ལས་ཀྱི་ཆ་འཕྲིན་ཅན་གྱི་ཉམས་ལེན་ཁུལ་གྱི་བརྙན་ཤེལ་ཆེན་པོའི་ཐོག་ཁྲོམ་གཞུང་གི་མི་སྣའི་ཆ་འཕྲིན་དང་།བསྒྲུབ་རྒྱུའི་ལས་དོན།དུས་ཐོག་གི་གྲངས་གཞིའི་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ནང་དོན་གསལ་པོར་མངོན་པ་མཐོང་ཡོད།གྲངས་འཛིན་ཅན་གྱི་བྱ་ཐབས་ལས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་སྔར་བས་ཕན་ནུས་ཆེ་ཞིང་སྟབས་བདེ་བར་གྱུར་ཡོད།ཁྱིམ་ཚང་ཆ་འཕྲིན་ཅན་གྱི་ཉམས་ལེན་ཁུལ་དུ་རིག་ནུས་ཁྱིམ་ཆས་ཀྱི་སྒྲིག་ཆས་ཆ་ཚང་ཡོད་ཅིང་། རིག་ནུས་སྒོ་དྲིལ་དང་ཁྱིམ་སྤྱོད་བརྙན་ལེན་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ལས་དུས་ཐོག་ཏུ་ཁྱིམ་ཚང་གི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་བྱས་ནས་སྟབས་བདེའི་འཚོ་བའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག་གྲོང་མི་ཚོར་ཚན་རྩལ་ལས་བྱུང་བའི་དྲོ་སྐྱིད་དང་བདེ་འཇགས་ཚོར་ཐུབ་པར་བྱུང་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社