分享按钮

ལྷ་སས“ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་རྒྱུར་དམིགས་ནས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ།

པར་འདི་ནི་གྲོང་བྱང་གནམ་ས་གསར་པའི་ཉོ་ཚོང་ལྟེ་གནས་སུ་གྲོང་མི་ཚོས་ཅ་དངོས་ཉོ་ཞོར་དུ་འཁྲབ་སྟོན་ལ་ལྟད་མོ་ལྟ་བཞིན་པའི་རྣམ་པ་ཡིན།

ཉེ་བའི་ལོ་ཤས་རིང་། མཚན་མོའི་དཔལ་འབྱོར་གྱིས་གྲོང་ཁྱེར་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་། མཚན་མོའི་དཔལ་འབྱོར་རིམ་བཞིན་དར་རྒྱས་བྱུང་སྟེ།འཛད་སྤྱོད་ཁྱབ་ཁོངས་ཀྱི་འཕར་གཞི་གསར་པར་གྱུར་ཡོད། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་རྒྱུའི་བླང་བྱར་དམིགས་ནས“མཚན་མོའི་དཔལ་འབྱོར”གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་། འཛད་སྤྱོད་ཀྱི་ནུས་པ་མཐོ་རུ་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གསར་པ་སྔོག་པ། གྲོང་ཁྱེར་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ་བཅས་ཀྱི་སྒོ་ནས“ཉི་འོད་གྲོང་གི་སོས་དལ་གྱི་ནམ་ཟླ།ཟླ་འོད་འོག་གི་ལྷ་སའི་འཚོ་བ”ཞེས་པའི་རྣམ་པ་བཟང་པོ་ཡོངས་སུ་བཏོད་པར་མ་ཟད། ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་རྒྱུར་ཡང་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ས་སྲོས་མཚམས་སུ་ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་དང་དོག་སྡེ་ལམ་འབྲེལ་མཚམས་སུ་གནས་པའི་གྲོང་བྱང་གནམ་ས་གསར་པ་ཞེས་པའི་ཉོ་ཚོང་ལྟེ་གནས་སུ་གློག་འོད་རབ་ཏུ་འཚེར་ཞིང་འཁྲུག་ཆ་ཤིན་ཏུ་དོད། མང་ཚོགས་ཀྱི་མཚན་མོའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་དང་སློབ་གྲྭའི་རིག་གནས་སྤེལ་ཆེད། ལྟེ་གནས་དེས་བོད་ལྗོངས་སློབ་ཆེན་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས། རོལ་དབྱངས་ཚན་སྡེབ་ཀྱིས་རོལ་དབྱངས་དཀྲོལ་བ་དང་། དམངས་གཞས་ལ་བྱང་བའི་གཞས་པ་ཚོས་དམངས་གཞས་ངག་ཏུ་བཀུག་པ། ཞབས་བྲོ་བ་ཚོས་སྐྱིད་པའི་བྲོ་གར་འཁྲབ་པ་སོགས་ལེ་ཚན་སྣ་ཚོགས་རེས་མོས་སུ་འཁྲབ་སྟོན་བྱས་ནས་གྲོང་མི་མང་ཚོགས་ལ་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས། ལྟེ་གནས་དེས་དེ་ལྟ་བུའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་སྤྱད་སྟབས། ཀུན་གྱིས་ཅ་དངོས་ཉོ་ཞོར་དུ་ལྟད་མོ་ཆེ་བའི་རིག་གནས་འཁྲབ་སྟོན་གྱི་སྟོན་མོར་མྱོང་ཐུབ་ཀྱི་ཡོད། གྲོང་མི་ཚེ་རིང་ཆོས་སྒྲོན་གྱིས། ངའི་བསམ་པར་བྱེད་སྒོ་སྤེལ་སྟངས་དེ་རིཊ་ཧ་ཅང་ཡག་པོ་འདུག དེ་སྔར་དགོང་མོ་སྟབས་བདེ་བའི་ཟ་མ་ཞིག་ཟོས་ནས་ལོག་འགྲོ་གིན་ཡོད། ད་ཆ་ཁྲོམ་རར་དངོས་ཟོག་ཉོ་ཆོག་པར་མ་ཟད་འཁྲབ་སྟོན་ལའང་ལྟ་ཐུབ་ཀྱི་འདུག ཁྲོམ་རའི་ནང་འཁྲུག་ཆ་དོད་ལ། གློག་འོད་རྣམ་པར་བཀྲ་བ། གར་སྟེགས་ངོ་མཚར་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ང་ཚོའི་མཚན་མོའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་སོང་་ཞེས་བཤད།

གྲོང་བྱང་གནམ་ས་གསར་པའི་ཉོ་ཚོང་ལྟེ་གནས་སུ་བརྒྱ་ཟོག་ཚོང་ཁང་དང་། སྟབས་བདེའི་ཚོང་ཁང་། ཆེད་ཚོང་ཁང་། སྒོ་རྩིས་ཚོང་ཁང་། ཁྱད་ལྡན་བཟའ་བཏུང་། གྲགས་ཅན་བཟའ་བཏུང་ཚོང་ཁང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194259.html 1 ལྷ་སས“ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་རྒྱུར་དམིགས་ནས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ། /enpproperty-->