བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། 2024ལོར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“གདོང་དམག་བདུན”གྱི་དམིགས་འབེན་དམ་པོར་འཛིན་ནས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།གྲགས་རྟགས་གཅིག་གསོ་སྐྱོང་བྱས་ནས་ཕྱོགས་གཅིག་གི་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་ཡོང་འབབ་བརྟན་དུ་གཏོང་བའི་འདུ་ཤེས་ལག་ལེན་བསྟར་བ་དང་། ཚོང་རྟགས་གྲགས་ཅན་ལ་བརྟེན་ནས་ཞིང་པ་ཕྱུག་ཏུ་གཏོང་བ་དང་ས་ཁམས་མཚོན་རྟགས་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་རྒྱུ་དེ་ཤེས་བྱའི་བདག་དབང་ལས་དོན་གྱི་འགག་རྩའི་ལས་འགན་དུ་བརྩིས་ནས། རིན་ཐང་མཐོ་བའི་ས་ཁམས་མཚོན་རྟགས་དང་ས་ཁོངས་ཀྱི་ཚོང་རྟགས་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་གང་ཐུབ་ཀྱིས་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་23དང་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་7ཡོད། དེའི་ནང་ནས་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས“འདམ་གཞུང་གི་འབྲི་གཡག”ནི་ལྷ་ས་གྲོང་ཁྱེར་གྱིས་རང་ཡུལ་གྱི་ཐོན་ཁུངས་སྔོག་འདོན་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བཅས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། 2023ལོར། “འདམ་གཞུང་གི་འབྲི་གཡག”རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་གྲབས་འཛུགས་བྱ་རྒྱུའི་རྣམ་གྲངས་ཀྱི་གྲས་སུ་བཅུག་པ་དང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག་ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་གདམ་གཞུང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་ལས་དམ་ཟབ་བྱས་ནས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社