བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།“བདེན་དཔང་དང་ལྟ་སྲུང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་དོན་འགྲེམས་སྟོན”ཞེས་པ་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དབྱིག་ནོར་ཁང་དུ་བྱས་ཤིང་། དེ་ནི་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་དོན་འགྲེམས་སྟོན་གཉེར་ཐེངས་ཐོག་མ་དེ་ཡིན། ད་ཐེངས་ཀྱི་གཙོ་དོན་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གཉེར་འགན་འཁུར་བ་ཞིག་རེད།
གཙོ་དོན་འགྲེམས་སྟོན་ནང་མི་རིགས་མཐུན་སྒྲིལ་མཚོན་པའི་རིག་དངོས་100ལྷག་ཙམ་ལེགས་འདེམས་བྱས་པ་དེ“ཁྱིམ་ཚང་གཅིག་ལྟར་འཆམ་མཐུན”དང“རྣམ་པ་གསར་རྐྱང”ཞེས་ཆ་ཤས་གཉིས་ལ་དབྱེ་ཡོད། དངོས་པོ་དང་། པར་རིས། ཚད་ལྡན་ཡིག་ཆ། བརྙན་པར། བརྒྱུད་ལམ་སྣེ་མང་གི་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་ནས་ཕོ་བྲང་པོ་ཏ་ལ་འདི་ཉིད་ལོ་རྒྱུས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་སྐྱོད་པ། སྣ་མང་ནས་གཞི་གཅིག་ཏུ་འདུས་པ་བཅས་ཀྱི་འཕེལ་རྒྱས་ཀྱི་གོ་རིམ་མངོན་པར་བྱས་ཡོད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཅང་ཧྭ་ཡིས་གནའ་སྔ་མོ་ནས་བཟུང་བོད་ལྗོངས་ནི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། རིག་དངོས་དེ་དག་གིས་ཀྱང་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བོད་ལྗོངས་འཛུགས་སྐྲུན་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社