分享按钮

ཤའོ་ཡིའུ་ཚའེ་ཡིས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)བྱ་ཐབས་གལ་ཆེན་ཞིག་ཡིན་ལ་ཏང་གི་མཐུན་སྒྲིལ་གཅིག་གྱུར་ཡོང་བར་འགན་ལེན་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན། གྲོང་ཨུད་ཀྱིས་གཏིང་ཟབ་དང་། རྒྱ་ཆེ། ལྷག་བསམ། ཡང་དག བདེན་པ་བཅས་ཀྱི་ཡིག་འབྲུ་དེ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་ཨུད(ཏང་ཙུའུ)རིམ་ཁག་གིས་སྤུས་ཚད་མཐོ་བའི་སྒོ་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པར་དཔེ་སྟོན་དང་སྐུལ་ཁྲིད་བྱས་ཏེ་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་དེ་ལྷ་སའི་ཡུན་རིང་བརྟན་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱད་དགོས།

སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱེད་དགོས། ཕྱོགས་གཅིག་ནས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ་ཇི་མ་ཉི་བཞིན་སྦྱོང་བ་དང་། གོ་དོན་མཐིལ་རྟོགས་ཡོང་བར་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྦྱོང་བ་བཅས་བྱས་ནས་ཆབ་སྲིད་ཐད་ལྷག་བསམ་དཀར་བ་དང་། འགན་འཁྲི་འཁུར་ཕོད་པ། དོན་དངོས་ཐོག་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཕྱོགས་གཅིག་ནས་གྱོད་དཔེར་སློབ་སྦྱོང་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་བརྡའི་སློབ་གསོ་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པས་མིག་མཐོང་ལག་ཟིན་གྱི་བསླབ་བྱ་དེ་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་ངེས་དགོས་པའི་དོགས་ཟོན་དུ་འགྱུར་ཐུབ་པར་བྱེད་དགོས།

བསམ་འཆར་བསྡུ་ལེན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། བསམ་འཆར་ཤོད་དབང་ཁྱབ་ཆེར་བཏང་ནས་ལས་བགོས་དོ་དམ་ཚན་པ་དང་འགན་འཁྲི་འཁུར་མཁན་གྱི་རྫོང(ཆུས)དུ་སྐྱོད་པ་མ་ཟད། ད་དུང་གནས་སའི་ཀྲི་པུའུ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་མང་ཚོགས་ཀྱིས་བསམ་འཆར་འདོན་པ་དང་། ལས་རོགས་ཀྱིས་རོགས་རམ་བྱེད་པ། མཉམ་དུ་གྲོས་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐད་ནས་ཁྱབ་རྒྱ་ཆེ་བའི་སྒོ་ནས་བསམ་འཆར་བསྡུ་ལེན་བྱེད་དགོས།

ལྷག་བསམ་རྣམ་གི་སྒོ་ནས་སྐད་ཆ་ཤོད་དགོས། ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་འགག་རྩའི་གནད་དོན་ལ་དམ་འཛིན་བྱེད་དགོས། ཐད་ཀར་གནད་དོན་ཐག་གཅོད་བྱས་ཏེ་ཏང་ཡོན་ལས་བྱེད་པའི་གོ་རྟོགས་སེལ་ཐུབ་པར་བྱེད་དགོས། གནས་ལུགས་ཡོད་པའི་སྐད་ཆ་ཤོད་པ་དང་། ལྷག་བསམ་ཟོལ་མེད། སེམས་གཏམ་དྲང་མོར་གླེང་བ་བཅས་བྱས་ཏེ་གནད་དོན་གསལ་སྟོན་དང་། བསམ་དོན་བཤད་ཐུབ་པ། བསམ་འཆར་ངོ་མ་གླེང་བ་བཅས་བྱེད་དགོས།

རང་སྐྱོན་ལ་དབྱེ་ཞིབ་ཡང་དག་བྱེད་དགོས། ལྷག་བསམ་རྣམ་དག་གི་སྒོ་ནས་རྩ་འཛུགས་ལ་སེམས་གཏམ་གླེང་བ་དང་། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཆབ་སྲིད་དང་། ལས་དོན། སྤྱོད་ཚུལ། འཚོ་བ་བཅས་ཀྱི་ཐད་ནས་འབུར་དུ་ཐོན་པའི་རང་ཉིད་ཀྱི་གནད་དོན་ལ་ཞིབ་ལྟ་བྱས་ཏེ་རང་སྐྱོན་ལ་དབྱེ་ཞིབ་ཡག་པོ་བྱེད་དགོས།

སྐྱོན་བརྗོད་བྱེད་སྐབས་དྲང་བདེན་རྒྱུན་འཁྱོངས་བྱེད་དགོས། ཐད་ཀར་རང་ཉིད་ལ་སྐྱོན་བརྗོད་བྱེད་པ་དང་། རང་ཉིད་ལ་འགན་འཁུར་བ་དང་བློ་མཐུན་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཕན་ཚུན་ལ་སྐྱོན་བརྗོད་ནན་མོ་བྱས་ཏེ་མཐུན་སྒྲིལ་ནས་སྐྱོན་བརྗོད་དང་། སྐྱོན་བརྗོད་ནས་མཐུན་སྒྲིལ་ཡོང་བའི་དམིགས་ཡུལ་འགྲུབ་པར་བྱེད་དགོས།

ཚོགས་ཞུགས་བློ་མཐུན་ཚོས་ད་དུང་མཉམ་དུ་ཉེན་བརྡའི་སློབ་གསོའི་གློག་བརྙན《གཞན་དབང་དུ་ཚུད་པའི་དབང་ཆ》ཞེས་པར་བལྟས་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-05 6 6 拉萨日报藏文 c194252.html 1 ཤའོ་ཡིའུ་ཚའེ་ཡིས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->