(པར་ངོས་དང་པོར་མཐུད)མ་ལག་གི་བསམ་གཞིགས་དང་སྤྱི་ཡོངས་ཀྱི་འཆར་འགོད་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོན་པོའི་སྒོ་ནས་མཉེས་ཐང་བཟོ་ལས་གླིང་གི་ཤར་གཏོང་བདུན་དང་དོ་སྙོམས་གཅིག་ལ་སྐུལ་འདེད་གཏོང་བ་དང་། ཚད་ལྡན་ས་ཆ་མཁོ་སྤྲོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གླིང་ཁུལ་གྱི་འཕེལ་རྒྱས་ཀྱི་ནུས་པ་དང་རིམ་པ་མཐོ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འཐབ་ཕྱོཊ་དང་པོའི་ཁྲོད་ཟབ་འཇུག་དང་མདུན་ཕྱོཊ་སུ་ཞབས་འདེཊ་ཞུ་བ་དང་། སེམས་ཤུཊ་གཅིག་སྒྲིལ་གྱིས་གླིང་ཁུལ་གྱི་དཀའ་གནད་ཐག་གཅོད་དང་དོན་དག་དངོས་བསྒྲུབ་དགོས། གླིང་ཁུལ་ཁག་གིས་འཕེལ་རྒྱས་གཏོང་བའི་ཁྲོད་གནས་ཚད་བཙལ་ནས་གནས་རིམ་བརྩོན་ལེན་བྱས་ཏེ་གླིང་ཁུལ་ལ་ལོ་ལྟར་འགྱུར་ལྡོག་གསར་པ་ཡོང་བ་དང་། ལོ་ལྟར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་འགྲན་རྩོད་དང་འཕེལ་རྒྱས་གཏོང་བ་དང་རིམ་པ་བཞིན་དུ་འདེགས་སྐྱོར་བྱེད་པའི་རྣམ་པ་བཟང་པོ་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་འགོ་ཁྲིད་ལས་བྱེད་པས་ལས་སྒྲུབ་དང་བྱ་གཞག་གསར་གཏོད་བྱེད་སྐབས་འཕེལ་རྒྱས་གཏོང་བར་རང་ཉིད་ཡོད་པ་དང་། རང་དོན་བརྗེད་པའི་སྒོ་ནས་འབད་འཐབ་བྱེད་པ། རང་ཁེ་བརྩོན་ལེན་མི་བྱེད་པ་བཅས་ཀྱི་ནང་གནས་ཀྱི་དོན་གཉེར་ཡོད་དགོས། ངེས་ཤུགས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། བརྟན་པོའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་དཀའ་ངལ་ལ་སྐྲག་པའི་མི་ཞིག་གཏན་ནས་མི་བྱེད་པར་དཔའ་ངར་ཆེན་པོས་འགག་སྒྲོལ་དང་དཀའ་སེལ་གྱི་འབད་འཐབ་པ་བྱེད་དགོས།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社