(པར་ངོས་དང་པོར་མཐུད)2024ལོའི་ཟླ་11པའི་ཟླ་མཇུག་བར། བོད་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་39.91ཟིན་ནས་གཉེར་སྐྱོང་བྱེད་པོའི་བརྒྱ་ཆ་72.54ཟིན་ཡོད།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིཊ་ན། སླད་ཕྱིན་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་མུ་མཐུད་གཅིག་གཏད་གཅིག་གི་མཛུབ་ཁྲིད་མཁོ་འདོན་བྱས་ཏེ་གཞི་རིམ་གྱི་ཁྲིད་སྟོན་དང་། དོཊ་གནད་ལ་ལན་འདེབས་པ། རོཊ་སྒྲུབ་བྱེད་པ་སོཊ་ཀྱི་གཞི་རྩའི་ནུས་ཤུཊ་ཆེ་རུ་གཏོང་བ། ཐེངས་གཅིག་རང་བཞིན་གྱིས་སྙན་ཞུའི་མཛོད་འཇུག་ནང་འཇུག་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ཁེར་རྐྱང་བཟོ་ཚོང་དུད་ཚང་གིས“གྲཊ་ཁྱད་ལེཊ་གསར”གྱི་རིགས་དབྱེའི་ཚད་གཞིར་གཞིཊ་ནས་རང་འགུལ་གྱིས་རེ་ཞུ་ཧུར་ཐག་བྱ་རྒྱུར་སྐུལ་མ་གཏོང་བ་དང་། “གྲཊ་ཁྱད་ལེཊ་གསར”གསོ་སྐྱོང་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཁེར་རྐྱང་བཟོ་ཚོང་དུད་ཚང་སྤུས་ཚད་མཐོ་བ་དང་མུ་མཐུད་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社