分享按钮

ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས།

དེང་རབས་ཅན་གྱི་ཚན་རྩལ་སྤྱད་ནས་ལོ་རྒྱུས་རིག་གནས་ཀྱི་མཆོག་ནོར་ལ་སྲུང་སྐྱོང་བྱེད་པ།

ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་བཞེངས་ཤིང་། ད་བར་བོད་དུ་ལོ་རྒྱུས་རིག་གནས་ཉར་ཚགས་ཆ་ཚང་ཤོས་དང་། གཞི་ཁྱོན་ཆེ་ཤོས་ཀྱི་ཕོ་བྲང་གི་གནའ་བོའི་སྐྲུན་དངོས་ཤིག་ཡིན།

ལོ་རྒྱུས་རིག་གནས་ཀྱི་མཆོག་ནོར་དེར་སྲུང་སྐྱོང་ཡག་པོ་བྱ་ཆེད། ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་མི་མེད་གནམ་གྲུ་དང་3Dབཤེར་འབེབ་ལག་རྩལ་སྤྱད་དེ། ཕོ་བྲང་གི་འདྲ་རིས་བྲིས་པ་དང་། དེང་རབས་ཅན་གྱི་ཚན་རྩལ་ལག་རྩལ་བརྒྱུད་ཕོ་བྲང་པོ་ཏ་ལའི་ས་ཕག་རེ་དང་རྫ་གཡམ་རེའི་ཆ་འཕྲིན་སོགས་ཐོ་འགོད་ཞིབ་ཚགས་དང་ཉར་ཚགས་བྱས་ཏེ། ཕོ་བྲང་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད་གཞི་འཛིན་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་དང་སྦྲགས། ཕོ་བྲང་པོ་ཏ་ལའི་གང་སར་ཁྱབ་པའི་ཚོར་བརྡ་གཏོང་ཆས་ཀྱིས་ཉིན་མཚན་མེད་པར་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་གྱི་བདེ་འཇགས་ཀྱི་གནས་ཚུལ་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་རེད།

པར་འདི་ནི་2024ལོའི་ཟླ་12ཚེས་4ཉིན། ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལས་དོན་པས་མི་མེད་གནམ་གྲུས་བརྒྱབ་པའི་པར་རིས་ལ་ལྟ་བཞིན་པའི་རྣམ་པ་ཡིན།

(ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང)(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-05 ཕོ་བྲང་པོ་ཏ་ལའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས། 6 6 拉萨日报藏文 c194239.html 1 དེང་རབས་ཅན་གྱི་ཚན་རྩལ་སྤྱད་ནས་ལོ་རྒྱུས་རིག་གནས་ཀྱི་མཆོག་ནོར་ལ་སྲུང་སྐྱོང་བྱེད་པ། /enpproperty-->