分享按钮

བོད་ལྗོངས་ཀྱིས་ཁག་དང་པོའི“གྲགས་ཁྱད་ལེགས་གསར”གྱི་སྒེར་གྱི་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་། བོད་ལྗོངས་ཀྱིས་ཁག་དང་པོའི“གྲགས་ཁྱད་ལེགས་གསར་གྱི་སྒེར”གྱི་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་ཤིང་། བྱ་ཐབས་དེ་ལས་བོད་ལྗོངས་ཡོངས་ཀྱི་སྒེར་གྱི་བཟོ་ཚོང་དུད་ཚང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར། བོད་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྡེ་ཚན་14དང་མཉམ་དུ《སྒེར་གྱི་བཟོ་ཚོང་དུད་ཚང་གི་རིགས་སྣ་ཕྱེ་ནས་གནད་སྨིན་རོགས་སྐྱོར་བྱས་ཏེ། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》བཀྲམས་ཤིང་། བོད་ལྗོངས་སུ“གྲགས་ཁྱད་ལེགས་གསར”གྱི་སྒེར་གྱི་བཟོ་ཚོང་དུད་ཚང་གཏན་འཁེལ་ལས་དོན་སྤེལ་ཡོད། རང་འགུལ་རེ་ཞུ་དང་། སྡེ་ཚན་གྱིས་འོས་སྦྱོར། དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ལེགས་པ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ངེས་ཅན་ལྡན་པ། མང་ཚོགས་ཀྱིས་དགའ་པོ་བྱེད་པ་བཅས་ཀྱི་གྲགས་ཅན་ཚོང་དུད་39ངོས་འཛིན་གཏན་འཁེལ་བྱས་པ་དང་། ཡུལ་འདི་ག་གཙོ་གནད་དུ་བཟུང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་། ཐོན་ལས། ཞབས་ཞུ། ཁྱད་ལྡན་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང། མེས་པོའི་ལག་ཤེས་བཟོ་རྩལ་སོགས་སྐད་གྲགས་ངེས་ཅན་ཆོད་པའི་ཁྱད་ལྡན་ཚོང་དུད་15བཏོད་པ། འབྲེལ་ཡོད་རྩལ་ནུས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའམ་ཡང་ན་ཧུར་བརྩོན་ཆེན་པོས་ཁྲལ་དངུལ་ལོ་2ཡན་འཇལ་བའི་སྤུས་ལེགས་ཚོང་དུད་3བཅས་ཁྱོན“གྲགས་ཁྱད་ལེགས་གསར་གྱི་སྒེར”གྱི་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-05 6 6 拉萨日报藏文 c194238.html 1 བོད་ལྗོངས་ཀྱིས་ཁག་དང་པོའི“གྲགས་ཁྱད་ལེགས་གསར”གྱི་སྒེར་གྱི་བཟོ་ཚོང་དུད་ཚང་57གཏན་འཁེལ་བྱས་པ། /enpproperty-->