分享按钮

རང་གྲོང་གིས་2025ལོའི་གཞུང་ཞབས་པའི་ལས་གནས་ཡོངས་བསྒྲགས་རྒྱུགས་ལེན(གདན་ཞུ)གྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་2ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོའི་ཟླ་1ཚེས་3ཉིན་ནས་བཟུང་། རང་གྲོང་གིས་2025ལོའི་གཞུང་ཞབས་པའི་ལས་གནས་ཡོངས་བསྒྲགས་རྒྱུགས་ལེན(གདན་ཞུ)གྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་ཤིང་། ཐོ་འགོད་བྱེད་མཁན་རྣམས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་མི་དོན་རྒྱུགས་ལེན་ལྟེ་གནས་སུ་ཐོ་འགོད་བྱེད་པར་བསྐྱོད་དགོས་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་གྲོང་གིས་2025ལོའི་གཞུང་ཞབས་པའི་ལས་གནས་ཡོངས་བསྒྲགས་རྒྱུགས་ལེན(གདན་ཞུ)གྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་ཡུལ་ནི་བོད་དུ་ལས་ཀ་ཡོད་པ་མ་ཟད་ལས་གནས་ཐོག་ཡོད་པའི་ལས་ཁུངས་དང་། བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོ་པའི་བཟའ་ཟླ་དང་བུ་ཕྲུག བོད་དུ་བཅའ་སྡོད་དཔུང་སྡེའི་དངོས་ཞབས་དམག་དཔོན། དམག་དཔོན་གྱི་བཟའ་ཟླ་དང་བུ་ཕྲུག་བཅས་ཡིན་པ་དང་། སྐྱེ་ཁོངས་རང་ལྗོངས་ཡིན་ཞིང་མཐོ་རིམ་སློབ་གཉེར་གྱི་སློབ་གསོ་བརྒྱུད་མེད་པའི་རྒྱལ་དམངས་སློབ་གསོའི་རྣམ་པའི(རང་སྦྱོང་རྒྱུགས་ལེན་དང་། དར་མའི་སློབ་གསོ། དྲ་རྒྱའི་སློབ་གསོ། མཚན་མོའི་སློབ་ཆེན། གློག་འཕྲིན་སློབ་ཆེན་སོགས)སྒོ་ནས་རྒྱལ་ཁབ་ཀྱིས་ཁས་ལེན་པའི་སློབ་གཉེར་ལག་ཁྱེར་ཐོབ་པའི་སློབ་ཐོན་སློབ་མ། རང་ལྗོངས་ཀྱི་རྒྱུགས་ལེན(གདན་ཞུ)ཆ་རྐྱེན་དང་མཐུན་པ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-05 6 6 拉萨日报藏文 c194240.html 1 རང་གྲོང་གིས་2025ལོའི་གཞུང་ཞབས་པའི་ལས་གནས་ཡོངས་བསྒྲགས་རྒྱུགས་ལེན(གདན་ཞུ)གྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་པ། /enpproperty-->