分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

(པར་ངོས་དང་པོར་མཐུད)དེ་བཞིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོཊ་འདུ་ཐེངས་ལྔ་པའི་འབྲེལ་ཡོད་ཚོགས་འདུའི་དཔྱད་གཞི་སོཊ་ལ་གྲོས་ཞིབ་དང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། ཚོགས་འདུའི་ཐོག་ད་དུང་མི་དོན་བསྐོ་གཞག་གི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་པར་བསྐོ་གཞག་ཡི་གེ་སྤྲད་པ་དང་འབྲེལ་རྩ་ཁྲིམས་ཀྱི་དམ་བཅའ་མཉམ་དུ་བཞག་ཡོད།

ཧོ་ཕུང་གིས་གསུངས་དོན།གྲོང་ཨུད་ཀྱི་སྟོབས་ལྡན་གྱི་འགོ་ཁྲིད་འོག་འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།གཞུང་འཁྱོངས་གསར་འབྱེད་དང་ལས་ཀ་ཏན་ཏིག་བྱས་ནས་ལས་འགན་སྒྲུབ་པའི་བྱེད་སྒོ་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལོ་གསར་པའི་ནང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་ལྷ་སའི་གདོང་དམག་བདུན་ཡག་པོ་བྱེད་པའི་འབད་འཐབ་དམིགས་འབེན་ལ་དམིགས་པ་དང་། རྩ་དོན་ལྔ་དང་འཐབ་ཇུས་ཆེན་པོ་བཞིར་དམ་འཛིན་བྱས་ནས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། འབད་འབུངས་ཡར་བརྩོན་གྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པའི་ཕན་འབྲས་མུ་མཐུད་ནས་མཐོ་རུ་གཏོང་དགོས།

ཧོ་ཕུང་གིས་ནན་གསུངས་གནང་དོན། འཚོག་ཉེར་ཡོད་པའི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ནི་ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་བརྩི་སྲུང་ཨང་དང་པོར་བརྩིས་ནས་ཚོགས་འདུའི་འཕེལ་རིམ་དང་ཐབས་ཇུས་ཀྱི་ཁ་ཕྱོགས་དེ་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་དང་མཐུན་པར་འགན་ལེན་བྱས་ཏེ།མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ནས་ལྷ་སས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་དེ་བས་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ། ཟླ་བ། ཚེ་རིང་དོན་གྲུབ་སོགས་ཚོགས་འདུར་ཞུཊ་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 6 6 拉萨日报藏文 c193587.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ། /enpproperty-->