分享按钮

“དུས་རབས་གསར་པར་བྱས་རྗེས་འཇོག རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་མི་སྣ་གྲགས་ཅན་བཅུའི་ཡོངས་བསྒྲགས་བྱེད་སྒོ་སྤེལ་བ།

(པར་ངོས་དང་པོར་མཐུད)ལྷ་སའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྒེར་སེམས་མེད་པར་འབད་འཐབ་ལྷོད་མེད་ཀྱིས་གཞི་རིམ་དུ་གཞི་ཚུགས་ནས་བྱས་རྗེས་འཇོག་པའི་གཏམ་རྒྱུད་དང་མི་སེམས་འགུལ་བའི་བྱས་རྗེས་གླེང་བས། ལྷ་སའི་མི་དམངས་ཀྱིས་རང་རྟོགས་ངང་དཔེ་བཟང་དང་མིག་དཔེར་སློབ་སྦྱོང་བྱ་རྒྱུ་དང་། དོན་ངོ་མའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་རྒྱུར་སྐུལ་ལྕག་ཐེབས་ཡོད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “དོན་ཆེན་བཞི”ལ་དམིགས་པ། “འཛུགས་གཏོད་བཞི”ལ་ཤུགས་སྣོན་རྒྱག་པ། ཐོག་མཐའ་བར་གསུམ་དུ“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་སུ་གཏོང་བར”གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་འཕེལ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རིམ་ཁག་སྡེ་ཚན་ཁག་གིས་ཁྱོད་བརྩོན་ང་བརྩོན་གྱིས་བསམ་པའི་དཔལ་ཡོན་གཏོད་པ་དང་། མི་དམངས་མང་ཚོགས་ཀྱིས་བཟང་པོར་མིག་དཔེ་བལྟས་ནས་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་སྤྱོད་བཟང་ལ་བརྩི་མཐོང་བྱས་ནས་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

ཡོངས་བསྒྲགས་བྱེད་སྒོ་དེ་ལྷ་སའི་ཡོངས་བསྒྲགས་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་དང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་འཕྲིན་བརྙན་ལམ། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་ཁྱུག་དབྱིངས་དང་མགྱོགས་འཕྲིན། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ཞེས་པའི་APPསོགས་ནས་དུས་གཅིག་ཏུ་ཐད་གཏོང་བྱས་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 6 6 拉萨日报藏文 c193584.html 1 “དུས་རབས་གསར་པར་བྱས་རྗེས་འཇོག རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་མི་སྣ་གྲགས་ཅན་བཅུའི་ཡོངས་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->