分享按钮

(པར་ངོས་དང་པོར་མཐུད)ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན།ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་ནན་གསུངས་གནང་དོན།2024ལོ་མཇུག་འགྲིལ་ལ་ཉེ་བའི་སྐབས་འདིར།སྲིད་གྲོས་ལས་དོན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་ལ། ཚོགས་ཆེན་གཉིས་ནི་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་གྲོང་ཁྱེར་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། འགན་འཁྲིའི་འདུ་ཤེས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་ཨུ་ལྷན་གྱི་བཀོད་སྒྲིག་དང་གྲོང་ཁྱེར་སྲིད་གྲོས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་འགན་འཁྲི་ནན་དཀྲི་དང་ཞབས་ཞུ་ཞིབ་ཕྲ་བསྒྲུབས་ཏེ།ཚད་གཞི་མཐོ་བ་དང་། བྱང་ཚད་མཐོ་བ།རྣམ་པ་མཐོ་བ་བཅས་ཀྱི་ཐོག་ནས་གྲ་སྒྲིག་ཡག་པོ་བྱེད་དགོས།སྐུལ་འདེད་གཏོང་བ་དང་ཕྱོགས་བསྡོམས་བྱེད་པ་དང་།ལོ་སྟོད་ཀྱི་དམིགས་ཚད་ལས་འགན་དང་བསྡུར་བ།ལོ་ཧྲིལ་པོའི་ལས་དོན་ལ་ལེགས་སྒྲིག་དང་ཕྱོགས་བསྡོམས་བྱེད་པ།གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ།བསྐྱར་བཤེར་རང་བཤེར་བཅས་བྱེད་དགོས། དུས་མཚུངས་སུ་མྱུར་ཚད་དང་བསྟུན་ནས་འཆར་འགོད་བྱས་ཏེ།ལོ་འཁོར་གྱི་གཙོ་གནད་ལས་དོན་མཇུག་བསྡུ་བ་སོགས་ཀྱི་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་འཛིན་དང་།ལྟེ་བའི་ལས་འགན་ལ་དམིགས་པ།སང་ལོའི་བསམ་ཕྱོགས་དང་ཞིབ་འཇུག་བྱ་གཞི་གཙོ་བོ་སྔོན་ལ་འཆར་འགོད་བཅས་བྱས་ཏེ།སྲིད་གྲོས་ལས་དོན་གནད་ལ་འཁེལ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 6 6 拉萨日报藏文 c193583.html 1 /enpproperty-->