分享按钮

སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་ཕན་ནུས་ཆེ་རུ་བཏང་བ་སྟེ། དགུན་ཁའི་ཉི་ཟེར་འཕྲོས་པ་དང་བསྟུན་ནས་ཁྲེང་ཀོན་ཆུས་ཚེས་གསུམ་ཐང་སྡེ་ཁུལ་གྱི“སྐོར་སྐྱོད་རྐུབ་སྟེགས་ཆུང་ངུའི”དམངས་དོན་གླེང་མོལ་ཞབས་ཞུའི་རུ་ཁག་གི་རུ་མི་རྣམས་གྲོང་བྱང་གངས་ལྗོངས་མུ་ཏིག་སྡེ་ཁུལ་དུ་ཕེབས་ནས།དྲ་མིག་ལས་དོན་པའི་ལས་དོན་སྒྲུབ་ཚུལ་དང་སྡེ་ཁུལ་གྱི་སྔོ་འགྱུར་འདེབས་འཛུགས་དང་ཉམས་གསོ་སོགས་ཀྱི་གནད་དོན་ཐད་ཡུལ་དངོས་སུ་ལྟ་ཞིབ་དང་རྒྱུས་ལོན་བྱས་པར་མ་ཟད། ལས་སྒོའི་ཨུ་ཡོན་ལྷན་ཁང་དང་སྡེ་ལས་འགན་འཁུར་བར་ངོ་ཐུགས་གདོང་འཕྲད་ངང་གྲོས་མོལ་བྱས་ནས། མང་ཚོགས་ཀྱི་རེ་འདུན་འཕྲལ་དུ་ཐག་གཅོད་ནུས་ལྡན་ཡོང་བའི་འགན་ལེན་བྱས་ཡོད།

“འཁོར་སྐྱོད་རྐུབ་སྟེགས་ཆུང་ངུ”ཞེས་པའི་དོན་གྲོས་སྟེགས་བུ་ནི་ཚེས་གསུམ་ཐང་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཁྲོད་དུ་ཡུན་རིང་འཚོལ་ཞིབ་བྱས་པའི་བཅོས་སྐྱོང་བྱེད་སྟངས་ཤིག་དང་།གསར་དུ་བཏོད་པའི་སྣ་མང་བཅོས་སྐྱོང་གི་ཐབས་ལམ་ཞིག ཡུལ་བབ་དང་བསྟུན་ནས“འཐབ་ས་ཆུང་གྲས”འཛུགས་པ་དང་། “ཞབས་ཞུ་ཆུང་གྲས”སྒྲུབ་པ།“འགལ་བ་ཆུང་ངུ”སེལ་བ།“བསམ་འདུན་ཕྲན་བུར”རོགས་སྐྱོར།“བྱས་རྗེས་ཆུང་ངུ”དྲིལ་བསྒྲགས་བཅས་བྱེད་པའི“བཅོས་སྐྱོང་ཆུང་གྲས་ལྔའི”ལས་ཀའི་རྣམ་པ་ཞིག་བཅས་ཡིན། བྱ་ཐབས་སྣ་མང་ལ་བརྟེན་ནས་གྲོང་མི་མང་ཚོགས་དེ་བས་མང་བ་རང་འགུལ་ངང་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། “དམངས་འཚོ་ཆེན་པོ”ལ་ཐུན་མོང་ཐོག་གྲོས་མོལ་བྱེད་པ་དང་། “བརྩེ་བ་དྲོན་མོ”བརྒྱུད་སྤེལ། “འགལ་བ་ཆེན་པོ”འགོག་པ།“བདེ་སྐྱིད་ཆེན་པོ”གཅིག་ཏུ་བསྡུ་བ།“ནུས་ཤུགས་ཆེན་པོ”ཕྱིར་གཏོང་བཅས་མངོན་འགྱུར་བྱུང་ཞིང་། མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ལེགས་པ་དང་། སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་ལས་འགན་ལེན་ཐུབ་པ་བཅས་བྱུང་ཡོད། ཁྲེང་ཀོན་ཆུས་ཚེས་གསུམ་ཐང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་བསྟན་འཛིན་སྒྲོལ་དཀར་གྱིས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་སྣེ་ཁྲིད་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་པའི་ནང་དོན་གལ་ཆེན་ཞིག་ཡིན། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་སྣེ་ཁྲིད་བྱེད་པའི་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་དང་ཆུས་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཚེས་གསུམ་ཐང་སྡེ་ཁུལ་གྱིས“ལྔ་ལྔའི་ལས་ཀའི་བྱ་ཐབས”དང་ཉང་བྲན་ཁྲོམ་གཞུང་གི“1+8”བཅོས་སྐྱོང་བྱེད་ཐབས་སྤྱད་དེ། “བཅོས་སྐྱོང་ཕྲན་བུ་ལྔའི”ལས་དོན་གྱི་གྲགས་རྟགས་ཁྱབ་སྤེལ་ཤུགས་ཆེན་བཏང་ནས། གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། ཚིམ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། རྗེས་མར་གྲོང་མི་མང་ཚོགས་ཀྱིས་དོ་ཁུར་བྱེད་ཆེ་བའི་འགྲོ་འཆག་ཉལ་འདུག་དང་བདེ་སྡོད་ལས་བརྩོན་སོགས་ལ་དམ་པོར་དམིགས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་མུ་མཐུད་ནས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད།

ད་ལོ་ཚུན་དུ། གྲོང་ཁྱེར་ཨུ་ལྷན་གྱིས་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་བབ་ལ་ཞིབ་དཔྱད་དང་ཇུས་འགོད་ཞིབ་ཚགས་བྱས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། “རྣམ་གྲངས་ཅན”གྱིས་དོ་དམ་དང་། “ཞིབ་ཐོ་རྣམ་པས”སྐུལ་འདེད། “ཁུངས་འདེད་ཅན”གྱིས་གནད་དོན་སེལ་བ། “འགན་འཁྲིའི་ལམ་ལུགས”དོན་འཁྱོལ་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་ཧྲིལ་པོ་འཐུས་ཚང་དུ་བཏང་བར་མ་ཟད། ཟླ་རེར་རྫོང(ཆུས)དུ་གཏིང་ཟབ་བསྐྱོད་ནས་ལྟ་ཞིབ་བྱེད་པ་དང་། ཡུལ་དངོས་སུ་བཀོད་གཏོང་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕན་ནུས་སྔར་བས་ཆེ་རུ་བཏང་ཡོད།

ཁྲེང་ཏུའུ་གྲོང་ཁྱེར་འགྲུལ་ཞུགས་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ལྗོངས་ཀྱི་འགྲུལ་ཞུགས་ཏང་ཡོན་དང་།བོད་ལྗོངས་སུ་བསྐྱོད་ནས་ལས་གཏོད་དང་ཚོང་གཉེར་བྱེད་མཁན་གཅིག་ཏུ་བསྡུས་ནས། ཐུན་མོང་ཐོག“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”འབད་བརྩོན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་ཡོད། གོ་རིམ་ཧྲིལ་པོར་ཏང་འཛུགས་སྐྱོང་གི་ཆ་སྒྲིག་མཉམ་སྐྲུན་སྡེ་ཚན་དང་མཉམ་དུ་གཞི་རིམ་བཅོས་སྐྱོང་གི་ལས་དོན་ནང་ཞུགས་ཏེ། གནད་དོན་ཆུང་ངུ་ནས་མགོ་བརྩམས་པ་དང་རྩ་བ་ནས་ཤུགས་བརྒྱབ་ནས་མཉམ་བཅོས་དང་མཉམ་སྐྱོང་དེ་རྒྱུན་གཏན་གྱི་ལས་དོན་ནང་མཉམ་འདྲེས་དང་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། ནུས་ཤུགས་ཡོད་རྒུས“ལྷ་སའི་དབྱེ་འབྱེད་བྱེད་ཚད་དང་ལྟེ་བའི་གྲོང་ཁྱེར་གྱི་ཤུགས་རྐྱེན”ལྡན་པའི་གཞི་རིམ་བཅོས་སྐྱོང་གི་གྲགས་རྟགས་བཏོད་པ་རེད། ཁྲེང་ཏུའུ་གྲོང་ཁྱེར་འགྲུལ་ཞུགས་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁྱུང་ལེ་གྲོང་ཁྱེར་འགྲུལ་ཞུགས་ཏང་ཡོན་ལྷ་སའི་ཏང་སྤྱི་ཁྱབ་ཧྲུའུ་ཅི་ཐན་ཅན་ཅུན་གྱིས། རྗེས་མར་ཁྲེང་ཏུའུ་གྲོང་ཁྱེར་འགྲུལ་ཞུགས་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་དམ་འཛིན་གཏིང་ཟབ་དང་དམ་པ་དོན་གཉེར་གྱི་ནུས་ཤུགས་ལ་བརྟེན་ནས་སྡེ་ཚན་གྱི་ཁྱད་ཆོས་གཞིར་བཟུང་། ཏང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་རྨང་གཞི་སྲ་བརྟན་དུ་བཏང་བ་སྟེ། ད་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ལ་དོ་ཁུར་བྱས་ཏེ། རིམ་པ་ལྔའི་རྩ་འཛུགས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་བཏང་ཞིང་། དྲ་མིག་ཏང་རྩ་འཛུགས་1680དང་། ཐོག་ཁང་གི་ཏང་ཚོགས་ཆུང་600ལྷག་ཙམ་ལེགས་སུ་བཏང་བ། ཏང་ཡོན་གྱི་ལྟེ་བའི་དུད་ཚང་ཁྲི་3ལྷག་ཙམ་འདེམས་བསྐོ་བྱས་པས། ཏང་གི་རྩ་འཛུགས་དང་། ཏང་གི་འགོ་ཁྲིད་། ཏང་གི་ནུས་པ། ཏང་གི་ལས་དོན་བཅས་བཅོས་སྐྱོང་ཁྲོད་མངོན་པར་བྱས་ཡོད། སྔོན་ཐོན་གྱི་ཀྲི་པུའུ་འཛུགས་གཏོད་དང་། ཚད་གཞི་ལོན་པའི་ཀྲི་པུའུ་མཐོར་གཏོང་། རྗེས་ཐོན་ཀྲི་པུའུ་དག་ཐེར་བཅས་བྱེད་པའི་ལས་གཞི་ལག་བསྟར་བྱས་ཡོད། ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི“ཁེབས་རྒྱ་གཉིས”རྒྱ་ཆེར་བཏང་བ་སྟེ། གཞོན་ནུ་དང་། ཐོན་ལས་བཟོ་པ། ཞིང་འབྲོག་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་990འཕེལ་རྒྱས་བཏང་ནས། གཞི་རིམ་ཏང་ཡོན་གྱི་གྲོང་ཁྱེར་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས་30གཉེར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་ཁྲིད་བྱས་ཡོད། གཞི་རིམ་གྱི་དབང་ཆ་དང་འགན་འཁྲི་ཁ་གསལ་དུ་བཏང་ནས་གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁྲི་སྒྲུབ་ཐབས་གཏན་འབེབས་བྱས་ཏེ། གཞི་རིམ་གྱི་ཁུར་པོ་མུ་མཐུད་དུ་ཡང་དུ་བཏང་ཡོད། དམངས་བདེ་དང་དམངས་ཕན་འབུར་དུ་ཐོན་པར་བྱས་ཏེ། “སྐར་མ་15ཡི་ཞབས་ཞུའི་ཚོགས་པ”འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། “གྲོང་ཁྱེར་གྱི་ཚོམས་ཆེན”དང་། ཏང་དམངས་ཞབས་ཞུའི་ས་ཚིགས་སོགས་120ལྷག་ཙམ་བསྐྲུན་པ་དང་། སྡེ་ཁུལ་གྱི་ཟ་ཁང་24གཉེར་སྐྱོང་བྱས་ནས་ཡུལ་སྐོར་ལམ་རྒྱུད་དུ“རྐང་འཁོར་ས་ཚིགས”དང“ཁ་ལོ་བའི་ཁྱིམ་གཞིས”སོགས་ཞབས་ཞུའི་ས་ཚིགས་8བཏོད་ཡོད།“སྤྱི་ཚོགས་ལས་དོན་པ་དྲུག་མཉམ་འགྲུལ”ཁྱབ་སྤེལ་བཏང་ཞིང་། མངག་སྐྱེལ་པ་186གདན་ཞུ་བྱས་ནས་དྲ་མིག་ལས་དོན་པའི་འགན་གཅིག་ལྕོགས་སུ་འཁུར་བ་དང་། ཁྲིམས་རྩོད་པ་306གིས་གྲོང་ཚོ(སྡེ་ཁུལ)ཡི་བཅའ་ཁྲིམས་བློ་འདྲི་བའི་འགན་འཁུར་བ། སྤྱི་ཚོགས་རྩ་འཛུགས་ཀྱི“སྣེ་ཁྲིད་པ”258བདམས་པ། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་172ཀྱིས“འགལ་བ་དང་རྩོད་གཞིའི་འདུམ་འགྲིག་པའི”འགན་འཁུར་བར་སྐུལ་སློང་བཅས་བྱས་ནས། དང་བླངས་ཞབས་ཞུའི་རྩ་འཛུགས་གསོ་སྐྱོང་བྱས་ཡོད། གཞི་རིམ་དམངས་གཙོའི་གཞི་རྟེན་གསར་པ་གསར་གཏོད་ཀྱིས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་སྒྲུབ་པ། མི་ཚང་མས་ལོངས་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་རྒྱུན་ཆད་མེད་པར་བཏོད་ཡོད།

ཏང་འཛུགས་སྐྱོང་གི་ནུས་པར་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་བ་སྟེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་རྩ་བའི་ཐབས་ཇུས་ཡིན་ལ། གྲོང་གསེབ་དར་རྒྱས་ལ་གྲུབ་འབྲས་ཐོན་པ་དང་། ཁྱད་ཆོས་ལྡན་པ། སྟོབས་ཤུགས་ཡོད་པ་བཅས་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན། ད་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་གྲོང་ཚོ་རིམ་པའི་སྟོབས་ཤུགས་ཀྱི་སྣེ་ཁྲིད་དང་། མྱུ་གུ་གསོ་སྐྱོང་། སྐད་ཡིག་གསོ་སྐྱོང་བཅས་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ། ཕྱུག་འགྱུར་མཁས་པ་དང་། འདེབས་གསོའི་དུད་ཚང་ཆེ་གྲས། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི། ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་སོགས་ཚོགས་སྤྱིའི་ཁྲོད་ནས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱས་པ་དང་། སློབ་ཆེན་ཐོན་པའི་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པས་གྲོང་ཚོ་ཚང་མར་འགན་སྲུང་བྱེད་ཀྱི་ཡོད། “སྔོན་ཐོན་བདུན”གྱི་འཕེལ་རྒྱས་ལམ་སྲོལ་གསར་གཏོད་བྱས་ཏེ། ཏང་འཛུགས་སྐྱོང་གིས་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པ་དང་། གཉེར་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་སྒོ་ནས་གྲོང་ཚོ་94ཡི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་ཁྲི་བརྒྱ་ལས་བརྒལ་བར་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི“ཡོང་འབབ་ཁྲི་བརྒྱ་ཟིན་པའི་གྲོང་ཚོ”རྫོང་ཡོངས་སུ་ཁྱབ་པའི་རྫོང་ཐོག་མ་སྟེ། ཆུ་ཤུར་རྫོང་བཏོད་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་རུ་འགྲོ་བའི་དུས་རིམ་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། དམངས་འཚོ་ལས་གཞིར་གྲུབ་འབྲས་མང་པོ་ཐོབ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། ཕུལ་བྱུང་གི་དྲིས་ལན་རེ་རེ་དང་། བརྩེ་བ་ཟབ་པའི་བརྙན་རིས་རེ་རེ། བློ་ཚིམས་པའི་འཛུམ་མདངས་རེ་རེ་བཅས་ཀྱི་རྒྱབ་ཏུ་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྟོབས་ཤུགས་ཆེན་པོ་འདུས་ཡོད་ལ།“ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བའི”འཕར་རྩ་ནུས་ལྡན་ངང་ལྡིང་བཞིན་ཡོད། མ་འོངས་པར་ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་བྱ་ཡུལ་དེ་བས་མང་བ་བསྐྲུན་ནས་དཔེ་སྟོན་གྱི་ཁྱབ་འགྱེད་ནུས་པ་དང་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། གཞི་རིམ་རྩ་འཛུཊ་འཛུགས་སྐྱོང་ཏན་ཏིག་བྱེད་པ།གཞི་རིམ་གྱི་འཐབ་འཛིང་གི་བཙན་རྫོང་སྟོབས་ཆེར་གཏོང་བ། གཞི་རིམ་ཏང་རྩ་འཛུཊ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ་དང་ཁྱོན་ཡོངས་ནས་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་བ། ཏང་འཛུཊ་སྐྱོང་གི་སྣེ་ཁྲིད་མཉམ་འདྲེས་གཏིང་ཟབ་བྱེད་ཤུཊ་ཆེ་རུ་གཏོང་བ། ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ། དཔེ་བཟང་ལས་ཁུངས་དང་སྤྱོད་གཙང་ལས་ཁུངས་འཛུཊ་སྐྱོང་མུ་མཐུད་ནས་གཏིང་ཟབ་བྱེད་པ། ལས་ཁུངས་ཀྱི་ཏང་རྩ་འཛུགས་སུ“ཀྲི་པུའུ་སྟོབས་ཆེན་བཞིའི”གསར་གཏོད་བརྩོན་ལེན་གྱི་བྱེད་སྒོ་སྤེལ་བ་བཅས་ཀྱི་སྒོ་ནས་ཏང་འཛུཊ་སྐྱོང་དང་ལས་སྒོ་མཉམ་འདྲེས་མཉམ་འཕེལ་ཐུབ་པར་བྱ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 6 6 拉萨日报藏文 c193582.html 1 སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། /enpproperty-->