分享按钮

“དུས་རབས་གསར་པར་བྱས་རྗེས་འཇོག རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་མི་སྣ་གྲགས་ཅན་བཅུའི་ཡོངས་བསྒྲགས་་བྱེད་སྒོ་སྤེལ་བ།

ཤའོ་ཡིའུ་ཚའེ་དང་། ཐན་ཉི་ཡ། ཝང་ཆང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན་སོགས་བྱེད་སྒོར་ཕེབས་པ།

12ཚེས་26ཉིན། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་གཉེར་འགན་ཁུར་བ་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཉེར་རོགས་བྱས་པའི“དུས་རབས་གསར་པར་བྱས་རྗེས་འཇོག རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་མི་སྣ་གྲགས་ཅན་བཅུའི་ཡོངས་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་26ཉིན། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་གཉེར་འགན་ཁུར་བ་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཉེར་རོགས་བྱས་པའི“དུས་རབས་གསར་པར་བྱས་རྗེས་འཇོག རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་མི་སྣ་གྲགས་ཅན་བཅུའི་ཡོངས་བསྒྲགས་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་ཐན་ཉི་ཡ། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན། ལི་ཅང་ཤིན། འཇམ་དབྱངས་བློ་གྲོས། ཧོང་རུང་ཅན། དགྲ་འདུལ། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན་བཅས་བྱེད་སྒོར་ཞུགས་པ་རེད།

ཡོངས་བསྒྲགས་བྱེད་སྒོར། ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་གྲགས་ཅན་མི་སྣ་བཅུ་སྟེ། གཞི་རིམ་དུ་གཞི་ཚུགས་ནས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་མཁན“ཧྲུའུ་ཅི་ཡག་པོ”མཱ་ཨན་དབྱང་དང་། བརྩེ་སེམས་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད་མཁན“བུ་རྫི”ཉི་མ་སྒྲོལ་དཀར། ཐོག་མའི་བསམ་འདུན་བརྟན་པོར་སྲུང་མཁན་མི་དམངས་ཀྱི་དགེ་རྒན་ཧྥེང་ཞིང་ཅོན། ལོང་བའི་འཇིག་རྟེན་དུ་འཕུར་ལྡིང་ལ་རོལ་བའི“ཐང་དཀར་རྒོད་པོ”ཉི་མ་དབང་འདུས། ས་མཐོའི་ཁྲུང་ཁྲུང་སྐེ་ནག་སྲུང་མཁན་བསྟན་འཛིན། “རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་དུ་བསྟར་མཁན་བསོད་ནམས་ནོར་བུ། མེ་སྐྱོན་ལས་སྐྱོབ་མཁན་ཁྲང་ཧའེ་སང། ལྷག་བསམ་ཟོལ་མེད་ངང་ཕ་ཡུལ་ལ་དྲིན་ལན་འཇལ་མཁན་བདེ་ཆེན་གཡུ་སྒྲོན། གོམ་པ་སྤོས་ནས་ཁོངས་གཏོགས་ཁུལ་ཚང་མར་ཞབས་འདེགས་ཞུ་མཁན་མི་དམངས་ཉེན་རྟོག་པ་བཀྲ་ཤིས་ཚེ་རིང་། ཆེས་མཛེས་པའི་མཁའ་ལམ་སྲུང་མཁན་སྟོད་ལུང་བདེ་ཆེན་ཆུས་ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་ཁག་བཅས་ངོ་སྤྲོད་བྱས་པར་མ་ཟད། ཆེད་དུ་པེ་ཅིན་དང་ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པའི་དཔུང་ཁག་ལ་གུས་འདུད་ཞུས་པ་རེད། མི་སྣའི་གཏམ་རྒྱུད་བརྗོད་པའི་བརྙན་ཐུང་སྟོན་པ་དང་། བཅར་འདྲི་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 ཤའོ་ཡིའུ་ཚའེ་དང་། ཐན་ཉི་ཡ། ཝང་ཆང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན་སོགས་བྱེད་སྒོར་ཕེབས་པ། 6 6 拉萨日报藏文 c193572.html 1 “དུས་རབས་གསར་པར་བྱས་རྗེས་འཇོག རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་ལྷ་སར་སེམས་འགུལ་ཐེབས་སུ་བཅུག་པའི་མི་སྣ་གྲགས་ཅན་བཅུའི་ཡོངས་བསྒྲགས་་བྱེད་སྒོ་སྤེལ་བ། /enpproperty-->