ཐོག་མའི་ཞུ་མཆིད།
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་དང་།“ལོ་ལྔ་ཚན་བཅུ་བཞི་པ”ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་ཡིན་ལ། དེ་བས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། ལོ་འདིར། ལྷ་ས་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་བར་བཟུང་ཏེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུའི་དཔལ་འབྱོར་དང་དམངས་འཚོའི་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་གཏིང་ཟབ་བྱས་ཤིང་།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“ལས་ཀའི་རྩ་དོན་ཆེན་པོ་ལྔ”གསལ་པོར་བཏོན་པ་དང་།“བྱེད་ནུས་ཁུལ་གསུམ”རྒྱ་ཆེར་གཏོང་བ་དང་། “ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་བ།“ཐོན་ལས་ཆེན་པོ་དགུ”སྟོབས་ཆེར་གཏོང་བ་བཅས་ཀྱི་བཀོད་སྒྲིག་གནང་ཡོད།
དེ་རིང་ནས་བཟུང་།《ལྷ་སའི་ཉིན་རེའི་ཚཊ་པར》གྱིས“ལྟེ་བའི་གྲོང་ཁྱེར་གྱིས་བསྒྲུབས་པའི་དང་2024ལོའི་ཕྱོཊ་བསྡོམས”ཞེས་པའི་མུ་འབྲེལ་གསར་འགྱུར་བཏོན་ནས་འདས་ཟིན་པའི་ལོ་གཅིག་རིང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་དང་།དེ་བཞིན་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་དང་། ཚོང་གཉེར་ཁོར་ཡུག་ལེཊ་སུ་གཏོང་བ། དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཐད་ཐོབ་པའི་གྲུབ་འབྲས་གསར་པ་དང་། ཡར་རྒྱས་གསར་པ། བཀྲག་མདངས་གསར་པ་བཅས་ཁྱོན་ཡོངས་དང་ཟུར་སྣེ་མི་འདྲ་བའི་ཐོག་ནས་མངོན་པར་བྱ་རྒྱུ་ཡིན།
དེ་དོན་ཐུགས་སྣང་མཛོད།
གཞི་རིམ་ནི་ཏང་གི་སྲིད་འཛིན་གྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་དང་། གཞི་རིམ་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི“མཐའ་མའི་འགག་གནད”ཡིན་ལ། མང་ཚོགས་དང་འབྲེལ་གཏུགས་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱང་ཡིན། ད་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ལ་དམ་འཛིན་བྱེད་པའི་ཁ་ཕྱོགས་གསལ་པོ་བརྟན་པོར་བཙུགས་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས་ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་པ་དང་“དོན་ཆེན་བཞིར”དམིགས་པ་དང་“འཛུཊ་གཏོད་བཞིར”ཤུགས་རྒྱག་པ།“རྩ་དོན་ལྔ”མཐའ་འཁྱོངས།“འཐབ་ཇུས་ཆེན་པོ་བཞི”ལག་བསྟར་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་དང་།སྤྱོད་ཚུལ་སྔར་བས་ལེཊ་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་རྣམ་པ་གསར་པར་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་བཙན་རྫོང་བརྟན་པོར་བསྐྲུན་པ་དང་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་ལ་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད། (པར་ངོས་གསུམ་པར་གཟིཊ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社