(པར་ངོས་གཉིས་པར་མཐུད)ཉིན་དེར་གསར་འགོད་པས་ཡུལ་དངོས་སུ་ལས་དོན་པ་ཁ་ཤས་ཀྱིས་བརྡ་ཁྱབ་བྱང་བུའི་ཀ་བ་གཅོད་བཞིན་ཡོད་པ་མཐོང་བྱུང་། ལྗིད་འདེགས་འཕྲུལ་འཁོར་ལ་བརྟེན་ནས་བརྡ་ཁྱབ་བྱང་བུ་ཆེན་པོ་དེ་བདེ་འཇགས་ཁུལ་དུ་སྤོས་ནས་བརྡ་ཁྱབ་བྱང་བུ་དུམ་བུར་བགོས་ཏེ་དབོར་འདྲེན་བྱས་ནས་མངོན་མེད་རྐྱེན་ངན་མེད་པར་བཟོས་པ་རེད། མིག་སྔར་ནོར་སྟོད་སྡེ་ཁུལ་གྱིས་སྒྲིག་འགལ་གྱི་བཀོད་པ་དང་དེ་བཞིན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་པའི་བརྡ་ཁྱབ་བྱང་བུ་ཁག་10མེད་པར་བཟོས་ཡོད།
ནོར་སྟོད་སྡེ་ཁུལ་གྱི་ལས་དོན་པ་ཡུས་ཅང་ཧའོ་ཡིས་སླད་ཕྱིན་ནོར་སྟོད་སྡེ་ཁུལ་གྱིས་གྲོང་ཁྱེར་གྱི་འཇིམ་བརྙན་ལས་དོན་ལ་མུ་མཐུད་དོ་ཁུར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། གྲལ་བཤེར་དང་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཚོང་ཁང་གི་སྒྲིག་འགལ་བརྡ་ཁྱབ་བྱང་བུའི་ཟང་ཟིང་གི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社