(པར་ངོས་གཉིས་པར་མཐུད)འདི་ལོ་ཕྱིར་ཚོང་གི་གནས་ཚུལ་དེ་སྔ་ལྟར་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་ལ་ཡུལ་གཞན་གྱི་མི་ཚང་མས་ས་མཐོའི་ཁྱད་ཆོས་ལྡན་པའི་བོད་ཕག་ཐོན་རྫས་ལ་བྲོ་བ་མྱོང་དུ་བཅུག་ནས་འབྱུང་འཕྲོད་ཐོན་རྫས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་ཐུབ་པའི་རེ་བའང་ཡོད་ཅེས་བཤད།
དེ་རྗེས་དམངས་ཕན་བྲིན་ཚོང་བྱེད་སྒོའི་ནང་ཞུགས་རྗེས་བོད་ཕག་གི་བྲིན་ཚོང་བྱེད་ཚད་མང་དུ་ཕྱིན་པར་མ་ཟད། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བཤད།
དབྱང་ཡུང་ཧྲེང་གིས་2020ལོར་སྲིད་གཞུང་གིས་ང་ཚོ་དམངས་ཕན་ཕྱིར་ཚོང་བྱེད་སྒོའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཡོད། ད་ཆ་ང་ཚོས་བོད་ཕག་གསོ་ཚགས་བྱེད་ཚད་མང་དུ་ཕྱིན་པ་དང་ཕྱིར་ཚོང་བྱེད་ཚད་ཀྱང་མང་དུ་ཕྱིན་ནས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཀྱང་ཆེ་རུ་ཕྱིན་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཕྱིར་ཚོང་བྱེད་སྒོ་དེ་ཚེས་21ཉིན་ནས་ཚེས་27ཉིན་བར་མུ་མཐུད་ནས་སྤེལ་རྒྱུ་དང་ཉིན་ལྟར་གྱི་ཕྱིར་ཚོང་དུས་ཚོད་ནི་ཆུ་ཚོད་11ནས་17བར་ཡིན་ཞིང་། གྲོང་མི་མང་ཚོགས་ཚོས་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཉོ་དགོས་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་ ཉོ་མཁན་ཁྲོད་ཀྱི་གྲོང་མིས་ད་དུང་ཉུང་གཏོང་གི་གཟིགས་སྐྱོང་བྱེད་སྒོ་སྤེལ་ཆོག་པ་དང་། ཁ་གསབ་ཀྱི་ཚད་གཞི་ནི་སྒོར་200ལོན་ཚེ་སྒོར་40ཉུང་དུ་གཏོང་རྒྱུ་དང་། སྒོར་400ལོན་ཚེ་སྒོར་80ཉུང་དུ་གཏོང་རྒྱུ།སྒོར་600ལོན་ཚེ་སྒོར་120ཉུང་དུ་གཏོང་རྒྱུ། སྒོར་800ལོན་ཚེ་སྒོར་160ཉུང་དུ་གཏོང་རྒྱུ། སྒོར་1000ལོན་ཚེ་སྒོར་200ཉུང་དུ་གཏོང་རྒྱུ་བཅས་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社