分享按钮

2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་འདི་གའི་དམངས་ཕན་ཚགས་ཤ་ཁྲོམ་རར་ཕྱིར་ཚོང་བྱེད་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་12ཚེས་21ཉིན། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་འདི་གའི་དམངས་ཕན་ཚགས་ཤ་ཁྲོམ་རར་ཕྱིར་ཚོང་གི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། བཀྲ་ཤིས་དཔལ་སྒྲོན་གྱིས་ཚགས་ཤའི་སྤུས་ཚད་ལ་ཞིབ་ཕྲ་གཟིགས་ནས་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་དང་མཉམ་ལས་ཁང་འཕེལ་རྒྱས་འགྲོ་ཚུལ་སྐོར་བཀའ་འདྲི་གནང་ཞིང་། ཁོང་གིས་ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ་དང་ཕྱོགས་ཁག་གི་ཐོན་ཁུངས་དང་རང་འགུལ་ངང་མཐུན་སྦྱོར་བྱས་ཏེ། ཕྱིར་ཚོང་གི་མ་གནས་དམའ་རུ་གཏོང་བ་དང་། ལྷ་སའི་གྲོང་མིས་ཞིང་འབྲོག་ཐོན་རྫས་ལ་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་དང་གྲོང་གསེབ་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་དམངས་ཕན་དང་དམངས་བདེའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་ཞེས་གསུངས་པ་རེད།

ད་ཐེངས་ཀྱི་དམངས་ཕན་ཚགས་ཤ་ཁྲོམ་རར་ཕྱིར་ཚོང་བྱེད་སྒོའི་ནང་སྔོན་དཔག་བྱས་ན་ཚགས་ཤ་རྒྱ་མ་ཁྲི་36ཁྲོམ་རར་བཏོན་ནས་འཚོང་རྩིས་ཡོད་པ་དང་རྒྱ་མ་རེར་སྒོར་36ཡིན། བྱེད་སྒོ་དེ་ཟླ་12ཚེས་21ཉིན་ནས་ཚེས་27ཉིན་བར་རྒྱུན་མཐུད་གཉེར་རྒྱུ་དང་། ཉིན་རེའི་བྲིན་ཚོང་གི་དུས་ཚོད་ནི་ཆུ་ཚོད་11ནས་17བར་ཡིན་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-24 6 6 拉萨日报藏文 c193360.html 1 2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་འདི་གའི་དམངས་ཕན་ཚགས་ཤ་ཁྲོམ་རར་ཕྱིར་ཚོང་བྱེད་འགོ་ཚུགས་པ། /enpproperty-->