ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ནོར་སྟོད་སྡེ་ཁུལ་གྱིས་ཉིན་ཤས་རིང་བསྟུད་མར་ཁོངས་གཏོགས་ཁུལ་དུ་གནས་པའི་ཐོག་བརྩེགས་ཁང་ཆེན་གྱི་བརྡ་ཁྱབ་དང་། ཁྲོམ་གཞུང་རྒྱུད་ཀྱི་གས་ཆག་ཤོར་བའི་སྒེའུ་ཁུང་གི་ཤེལ་སྒོ། གྱང་གོག་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གྲལ་བཤེར་ཞིབ་ཚགས་བྱས་པ་རེད། ཟླ་12ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སྡེ་ཁུལ་གྱི་དྲ་མིག་9པའི་ལས་དོན་མི་སྣ་ཡུལ་དངོས་སུ་བསྐྱོད་དེ་རིམ་པ་བཞིན་གྲལ་བཤེར་ཐོ་འགོད་ལས་དོན་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་ལན་ཙེ་གུང་གསེང་ཨར་ཁང་གི་བརྡ་ཁྱབ་བྱང་བུའི་གནད་དོན་ལ་དམིགས་ཏེ།ཨར་ཁང་གི་འགན་འཁུར་བར་གྲོང་ཁྱེར་གྱི་སྣང་བརྙན་གྱི་འབྲེལ་ཡོད་སྲིད་ཇུས་དང་སྒྲིག་འགལ་གྱི་བདེ་འཇགས་ཐད་གནས་པའི་མངོན་མེད་རྐྱེན་ངན་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད། དྲ་མིག་ལས་དོན་མི་སྣ་དང་ཨར་ཁང་གི་འགན་འཁུར་བས་འབྲེལ་གཏུག་གཏིང་ཟབ་བྱས་པ་བརྒྱུད་དེའི་ཐད་མོས་མཐུན་བྱུང་རྗེས། ཚེས་20ཉིན་གྱི་སྔ་དྲོ། མི་སྣ་སྒྲིག་འཛུགས་བྱས་ཏེ།ཁང་སྟེང་གི་སྒྲིག་འགལ་བརྡ་ཁྱབ་བྱང་བུ་མེད་པར་བཟོས་པ་རེད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社