分享按钮

བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོཊ་པ།

ཐང་མིང་དབྱིན་ཚོགས་འདུར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་12ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་བཅས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་བཅས་ཡིན་པའི་ཐང་མིང་དབྱིན་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡང་དབན་ཞུང་དང་ཏེང་ཀྲེང་ཀྲོའུ་ཚོགས་འདུར་ཞུགས་ཡོད་པ་རེད།

རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁང་ཨའེ་མིན་གྱིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་གཞི་རིམ་གྱི་འཐབ་ས་མདུན་མ་ནས་ཡོང་བའི་སྒྲོག་འགྲེལ་པ་གསུམ་གྱིས་རང་ཉིད་ཀྱི་ཉམས་མྱོང་དངོས་ཀྱི་ཐོག་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་བཤད་བྱས་པ་རེད། སྒྲོག་འགྲེལ་པས་གསལ་བཤད་བྱས་པ་བརྒྱུད།ལས་བྱེད་པ་དང་ལས་བཟོ་བ་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ལམ་གཉིས་ཀྱི་སྙིང་སྟོབས་བཅས་དུས་རབས་གསར་པར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་བྱུང་དང་འབྱུང་བཞིན་པ་མྱོང་ཚོར་ཐུབ་པར་མ་ཟད། ལས་བཟོ་བ་མི་རེ་ངོ་རེས་རང་ཉིད་ཀྱི་ལས་གནས་ཐོག་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། མུ་མཐུད་འབད་འཐབ་བཅས་བྱས་ཏེ་རང་ལྗོངས་ཀྱི་དར་རྒྱས་གོང་འཕེལ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་མ་ཡང་ཐེབས་ཡོད།

སྙན་ཞུའི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་ཞེས་པ་གཙོ་དོན་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་དུས་རབས་གསར་པར་རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དཔའ་ངར་ཆེན་པོས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུའི་སྐུལ་ལྕག་བྱས་ཡོད། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60སོང་རིང་།ཐོག་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་དུས་སྐབས་མི་འདྲ་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ།རྒྱ་ཆེའི་ལས་བཟོ་བ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རང་ལྗོངས་ཀྱི་འཛུགས་སྐྲུན་དང་རླབས་ཆེན་གྱི་སྒྱུར་བཅོས་ལག་ལེན་ནང་ཧུར་ཐག་ཞུགས་ནས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། ལས་བཟོ་བའི་ཁེ་དབང་ལ་འགན་སྲུང་སོགས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།

ངལ་རྩོལ་དཔེ་བཟང་བའི་འཐུས་མི་དང་། ལས་བཟོ་བའི་འཐུས་མི། བཟོ་ཚོཊ་ཀྱི་ལས་བྱེད་པའི་འཐུས་མི་བཅས་མི་1000ལྷག་ཙམ་གྱིས་ཚོཊ་ར་གཙོ་བོ་དང་ཡན་ལག་ཚོགས་རའི་སྙན་ཞུར་ཉན་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 ཐང་མིང་དབྱིན་ཚོགས་འདུར་ཕེབས་པ། 6 6 拉萨日报藏文 c192987.html 1 བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོཊ་པ། /enpproperty-->