གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན་ཞིང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་ཡོང་བའི་རྨང་གཞིའི་འདུ་འགོད་ཅིག་ཡིན། ཆུ་ཤུར་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཚན་རྩལ་སྟོབས་ཤུགས་ནང་ཞུགས་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཆུ་ཤུར་རྫོང་གིས་བཅོས་སྐྱོང་བྱེད་སྟངས་བསྒྱུར་ཏེ་གསར་བརྗེའི་ལས་འགུལ་གྱི་ཆུ་ཤུར་དང་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་པ་རེད། མང་ཚོགས་ཀྱིས་ཆུ་ཤུར་ཀུན་འཐུས་ཞེས་པའི་བྱ་རིམ་ཆུང་ངུའི་ཐོག་ནས་ཁོར་ཡུག་བཅོས་སྒྲིག་གི་པར་རིས་བསྐུར་ཚེ་སྐར་མ་ལྔའི་རྗེས་སུ་ལས་སྟེགས་དེས་འཕྲལ་དུ་དང་ལེན་བྱས་ནས་དྲ་མིག་དོ་དམ་ལས་དོན་པས་ཐག་གཅོད་མགྱོགས་པོ་བྱེད་ཀྱི་ཡོད། དྲ་མིག་ཅན་གྱི་དོ་དམ་ནས་ཆ་འཕྲིན་ལས་སྟེགས་སྐྲུན་པའི་བར་དང་གྲོང་སྲོལ་དམངས་ཆིངས་རང་སྐྱོང་ནས་དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་ལས་སྟེཊ་སྐྲུན་པའི་བར་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་ཞབས་ཞུ་དེ་བས་དམངས་ཀྱི་བློ་དང་མཐུན་ཡོད།
གནམ་ཤང་འཇང་གྲོང་ཚོས་རང་སྐྱོང་དང་། ཁྲིམས་སྲོལ། ཀུན་སྤྱོད་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱིས་རང་སྐྱོང་བྱ་རྒྱུ་དང་། ཁྲིམས་སྲོལ་ལྟར་ཆད་པ་གཅོད་རྒྱུ། ཀུན་སྤྱོད་སློབ་གསོ་ཅན་དུ་འགྱུར་རྒྱུ་བཅས་ལ་སྤྱི་འདོམས་བྱས་ཡོད། ཧྥེང་ཆའོ་རྣམ་པའི་གྲོང་ཚོ་རིམ་པའི་ཉེན་དོན་ཁང་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཞི་མཐུན་ཞེས་པའི་འདུམ་སྒྲིག་ཁང་གསར་དུ་བཏོད་པ། གྱོད་གཞི་ཆུང་ངུ་མྱུར་སྒྲུབ་ཀྱི་ལམ་སྲོལ་ཁྱབ་སྤེལ་བཅས་བྱས་ཏེ་ཆུ་ཚོད་24རིང་རྩོད་གླེང་འདུམ་འགྲིག་བྱས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཡོད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社