分享按钮

སྔོ་ཚལ་ལ་ལོ་ལེགས་བྱུང་བ།

ད་ལོ་ཀྲེ་ཅང་ཞིང་ཆེན་ཅ་ཤིན་གྲོང་ཁྱེར་ནན་ཧུའུ་ཁུལ་ཧྲི་ཧོ་སྐྱེ་ལྡན་ཞིང་ལས་གླིང་གིས་བར་སྟོང་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བཏོད་པ་དང་། བར་སྟོང་འདེབས་འཛུགས་ལས་རིགས་ཀྱི་སོན་གསོ་ཁུལ་དང་། བར་སྟོང་ཆུ་འབྲས་འདེབས་གསོ་ཁུལ། བར་སྟོང་སྔོ་ཚལ་དང་ཤིང་ཏོག་གསོ་སྤེལ་ཁུལ་སོགས་ཁུལ་ལྔ་བསྐྲུན་ནས་བར་སྟོང་སྔོ་ཚལ་འདེབས་འཛུགས་བྱ་རྒྱུར་ནང་འདྲེན་བྱས་ཤིང་། མིག་སྔར།ཀྲོ་མ་ཀྲུ་ཆུང་བ་དང་ཧོང་ཀྭ་ཆུང་བ་སོགས་སྨིན་པ་དང་འབྲེལ་བཏུས་ནས་མཐའ་འཁོར་གྱི་ཁྲོམ་རར་ཕྱིར་འཚོང་བྱེད་བཞིན་ཡོད་པ་རེད།

པར་འདི་ནི་ཟླ་11ཚེས་28ཉིན། ཅ་ཤིན་གྲོང་ཁྱེར་ནན་ཧུའུ་ཁུལ་ཧྲི་ཧོ་སྐྱེ་ལྡན་ཞིང་ལས་གླིང་གི་བར་སྟོང་སྔོ་ཚལ་འདེབས་འཛུགས་གླིང་དུ་ལས་བཟོ་བས་ཁག་དང་པོར་སྨིན་པའི་ཀྲོ་མ་ཀྲུ་ཆུང་བ་དང་ཧོང་ཀྭ་ཆུང་བ་སོགས་འཐུ་བར་བྲེལ་བཞིན་པའི་རྣམ་པ་ཡིན།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191974.html 1 སྔོ་ཚལ་ལ་ལོ་ལེགས་བྱུང་བ། /enpproperty-->