分享按钮

ཞི་ཅིན་ཕིང་གིས་ཨོའར་ཤིས་སྲིད་འཛིན་ལ་བདམས་ཐོན་བྱུང་བར་ རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

(པར་ངོས་དང་པོར་མཐུད)ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ང་རང་ནས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། བདམས་ཐོན་བྱུང་བའི་སྲིད་འཛིན་ཨོའར་ཤིས་དང་མཉམ་དུ་འབད་བརྩོན་ཆེན་པོས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།

ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཝུ་ར་ཀུའེ་ཡི་བདམས་ཐོན་བྱུང་བའི་སྲིད་འཛིན་གཞོན་པ་ཀའོ་སིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191973.html 1 ཞི་ཅིན་ཕིང་གིས་ཨོའར་ཤིས་སྲིད་འཛིན་ལ་བདམས་ཐོན་བྱུང་བར་ རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། /enpproperty-->