(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་རིང་གི་དཀའ་གནད་དང་འགག་གནད་ཐག་གཅོད་ཏན་ཏིག་བྱེད་དགོས། ཉེ་དུས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། གནད་སྨིན་ཇུས་འདོན། རིགས་དབྱེ་སྐུལ་འདེད་བཅས་བྱས་ཏེ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་དང་གཙོ་གནད་ལས་ཀའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས། ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་མུ་མཐུད་འཚོལ་ཞིབ་དང་། ལག་ལེན་གྱི་ཁྲོད་ནས་ཐོབ་པའི་ཉམས་མྱོང་དང་བྱ་ཐབས་ཕྱོགས་བསྡོམས་བྱས་ཏེ་དཔྱད་གཞིར་འཛིན་ཆོག་པ་དང་། འདྲ་བཟོ་བྱེད་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་དཔེ་མཚོན་ཁག་གཅིག་ཆགས་པར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ཐོན་བརྩོན་ལེན་དང་རྩེ་གྲ་གཏོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་པ་དང་དུས་མཚུངས་འགན་མི་འཁུར་བ་དང་དགོས་པའི་ལས་མི་བྱེད་པའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དམིགས་ནས་བརྡ་ཁྱབ་བཏང་སྟེ་ཉེན་བརྡ་དང་ཟིལ་གནོན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་རོགས་རམ་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་དབར་མཉམ་འགུལ་དང་། ལྟ་སྐུལ། རོགས་རམ་བཅས་གཞི་གཅིག་ཏུ་འགྱུར་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་འཛིན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཉེ་ཆར། གྲོང་ཨུད་ཀྱིས་བཀོད་སྒྲིག་གནང་བའི་ལས་འགན་དེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གསལ་ཐོའི་ནང་བཅུག་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རིམ་ཁག་ཚན་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་རང་འགུལ་ངང་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བ། ཆོད་སེམས་དེ་བས་བརྟན་པོ་དང་། བྱེད་ཐབས་དེ་བས་ནུས་ལྡན། ལས་དོན་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་ཕན་འབྲས་དངོས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社