分享按钮

ལྷུན་གྲུབ་རྫོང་གིས་ཚན་རིག་དང་མཐུན་པའི་འབྲུ་སྣོད་ སྤྲོད་པའི་མཛད་སྒོ་འཚོགས་པ།

(པར་ངོས་དང་པོར་མཐུད)ལྷུན་གྲུབ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཡང་མཚོ་ཡིས་ལྷུན་གྲུབ་རྫོང་ནི་ཞིང་ལས་ཀྱི་རྫོང་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཚན་རིག་དང་མཐུན་པའི་འབྲུ་སྣོད་ཉོ་སྒྲུབ་བྱེད་དགོས་པ་ནི་སྨྲ་མི་དགོས་པ་ཞིག་རེད། འབྲུ་སྣོད་ལ་བརྟེན་ནས་ལྷུན་གྲུབ་རྫོང་གི་ལོ་རེའི་ནས་ཏུན་ཁྲི་4ཡི་འབྲུ་རིགས་གསོག་འཇོག་གི་སྤུས་ཚད་མཐོ་རུ་གང་ལེགས་གཏོང་ཐུབ་པར་མ་ཟད། རུལ་སྐྱོན་ཉུང་དུའང་གཏོང་ཐུབ་ཀྱི་ཡོད། དེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་གྲབས་གསོག་བྱེད་པའི་དམིགས་ཡུལ་ཡང་འགྲུབ་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།

ལག་རྩལ་མི་སྣས་འབྲུ་སྣོད་སྒྲིག་སྦྱོར་བྱེད་པའི་བརྒྱུད་རིམ་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པར་མ་ཟད། ཞིང་དུད་ཀྱི་ཁྱིམ་དུ་བསྐྱོད་དེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་གནད་ལ་འཁེལ་ཞིང་སྤྱོད་གོ་ཆོད་པའི་མཛུབ་ཁྲིད་དང་གྲོས་འགོ་བཏོན་ནས་ཞིང་དུད་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་གྲབས་གསོག་བྱ་རྒྱུར་ནུས་ཤུཊ་ཡོད་རྒུས་རོགས་རམ་བྱས་པ་རེད། མདུན་གྲོང་གྲོང་ཚོའི་གྲོང་མི་ཆོས་ལྡན་རྣམ་སྲས་ཀྱིས་དེ་སྔ་འབྲུ་རིགས་གྲབས་གསོག་བྱེད་སྐབས་རྩྭ་རས་ནང་བླུག་གི་ཡོད་པ་དང་ཡང་ན་ཐད་ཀར་ས་སྟེང་དུ་སྤུངས་ནས་འཇོག་གི་ཡོད་པས་ཙི་ཙིས་བཟའ་བ་དང་ཧམ་སྤུ་རྒྱག་པ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། ཚན་རིག་དང་མཐུན་པའི་འབྲུ་སྣོད་འདིའི་རྒྱུ་ཆ་ལེགས་པ་དང་ཤོང་ཚད་ཆེ་བར་མ་ཟད། ད་དུང་ས་ཆའི་བར་སྟོང་ཆེན་པོ་མི་དགོས་པས་ཚང་མས་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191971.html 1 ལྷུན་གྲུབ་རྫོང་གིས་ཚན་རིག་དང་མཐུན་པའི་འབྲུ་སྣོད་ སྤྲོད་པའི་མཛད་སྒོ་འཚོགས་པ། /enpproperty-->