分享按钮

བོད་ཀྱི་འཐུས་མི་ཚོགས་པར་བྱ་དགའ་རིམ་པ་དང་པོ་5ཐོབ་པ།

ཉེ་ཆར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཐོག་བོད་ཀྱི་འཐུས་མི་ཚོགས་པའི་མི་རིགས་རྣམ་པའི་སྦེ་གའི་རུ་ཁག་ལ་བྱ་དགའ་རིམ་པ་དང་པོ་5དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་3བཅས་ཐོབ་པ་རེད།

ལུས་རྩལ་པ་ཅི་ཧྲ་ལ་ཆན་ལ་མི་རིཊ་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(བོད་རིཊ་ཀྱི་རྣམ་པ)སྤྱི་རྒྱ་62རིམ་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། ལུས་རྩལ་པ་ཨ་ཨེན་ཧྲི་ཀེར་མི་རིཊ་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(དབྱིས་རིཊ་ཀྱི་རྣམ་པ)སྤྱི་རྒྱ་52རིམ་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ། ལུས་རྩལ་པ་ཅི་ཧྲ་དབྱི་ཀྲུའུ་ལ་མི་རིཊ་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི་(དབྱིས་རིགས་ཀྱི་རྣམ་པ)སྤྱི་རྒྱ་62རིམ་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ། ལུས་རྩལ་པ་པ་དབྱིན་ན་མུའུ་ལ་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(དབྱིས་རིགས་ཀྱི་རྣམ་པ)སྤྱི་རྒྱ་74རིམ་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ། ལུས་རྩལ་པ་ཏེ་རེ་ཧོ་པུ་ལ་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(ཡུ་གུར་རིགས་ཀྱི་རྣམ་པ)སྤྱི་རྒྱ་62རིམ་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།

ལུས་རྩལ་པ་སུའུ་རི་ཀ་ཐུའུ་ལ་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(ཡུ་གུར་རིགས་ཀྱི་རྣམ་པ)སྤྱི་རྒྱ་74རིམ་པའི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། ལུས་རྩལ་པ་ཡེ་ཤེས་རྡོ་རྗེར་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(བོད་རིགས་ཀྱི་རྣམ་པ)སྤྱི་རྒྱ་87རིམ་པའི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་རེད། ཚེ་དབང་ཡེ་ཤེས་ལ་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(དབྱིས་རིགས་ཀྱི་རྣམ་པ)སྤྱི་རྒྱ་87རིམ་པའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་། ཙན་ཧྲེང་ཡུས་ལ་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(ཡུ་གུར་རིགས་ཀྱི་རྣམ་པ)སྤྱི་རྒྱ་62རིམ་པའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། ཅི་དབྱི་དབྱི་ཕེང་ལ་མི་རིགས་རྣམ་པའི་སྦེ་གའི་རྣམ་གྲངས་ཀྱི(ཡུ་གུར་རིགས་ཀྱི་རྣམ་པ)སྤྱི་རྒྱ་52རིམ་པའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།

མིག་སྔའི་བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པར་བྱ་དགའ་རིམ་པ་དང་པོ་11དང་། བྱ་དགའ་རིམ་པ་གཉིས་པ་26 བྱ་དགའ་རིམ་པ་གསུམ་པ་24(རྟའི་རྣམ་གྲངས་ཚུད་པ)བཅས་ཐོབ་ཡོད།

(བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་བ་གཞིར་བཟུང)

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་སྦེ་གའི་འགྲན་བསྡུར་གྱི་ཡུལ་དངོས་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191969.html 1 བོད་ཀྱི་འཐུས་མི་ཚོགས་པར་བྱ་དགའ་རིམ་པ་དང་པོ་5ཐོབ་པ། /enpproperty-->