ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 《ཀྲུང་ཧྭའི་གསུང་རབ། རིག་གནས་རྒྱུན་འཛིན》ཞེས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་ཆེན་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་སྤེལ་ཞིང་།ད་ཐེངས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ས་ཁུལ(གྲོང་ཁྱེར)བདུན་ནས་ཡོང་བའི་ཕུལ་བྱུང་གི་བདམས་ཐོན་པ་33ཡོད་པ་དང་།ཀྲུང་ཧྭའི་གསུང་རབ།རིག་གནས་རྒྱུན་འཛིན་ཞེས་པའི་གཙོ་དོན་ལས་ཁོང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གསོན་ཉམས་དོད་ལ་མི་སེམས་འགུལ་བའི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་ཡོད། དེ་ནི་སྐད་ཡིག་དང་སྒྱུ་རྩལ་གྱི་བཀྲག་མདངས་འཚེར་ས་ཞིག་ཡིན་པར་མ་ཟད།དེ་བས་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་ཀྲུང་ཧྭའི་གསུང་རབ་རིག་གནས་ཀྱི་གསོན་ཤུཊ་རབ་ཏུ་རྒྱས་པའི་རྒྱུན་འཛིན་དང་གསར་གཏོད་མངོན་པ་ཞིག་ཀྱང་རེད། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་སྤེལ་ཞིང་།དེང་རབས་དང་སྲོལ་རྒྱུན་མཉམ་འདྲེས་ཀྱི་བཀོད་སྒྲིག་ལས་འགྲན་བསྡུར་གྱི་གཙོ་དོན་གཏིང་ཟབ་མངོན་ཡོད་པ་རེད།
ལྟད་མོ་ལྟ་སར་མི་ཚོཊ་ཀྱིས་ཁེངས་ཤིང་།ལྟད་མོ་ལྟ་མཁན་ལྗོངས་ཐད་གཏོགས་ཚན་པ་ནས་ཡོང་བའི་འགོ་ཁྲིད་ལས་བྱེད་པ་ཡོད་ལ་བདམས་ཐོན་པའི་ནང་མིའང་ཡོད་པ་དང་། དེ་བཞིན་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་སྤྱི་ཚོཊ་ལས་རིཊ་ཁག་གི་ཕུལ་བྱུང་གི་འཐུས་མི་བཅས་ཡོད། ཁོ་ཚོས་རིག་གནས་ཀྱི་སྟོན་མོ་འདིར་མཉམ་དུ་བདེན་དཔང་བྱས་ཡོད། བདམས་ཐོན་པ་ཚོས་མི་རིཊ་ཀྱི་གཟབ་མཆོར་ལེཊ་པར་སྤྲས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བརྩེ་སེམས་ཟབ་མོས་ཕྱིར་མིག་བལྟས་པ་མ་ཟད། ཕ་ཡུལ་གྱི་ཉིན་བཞིན་འཕོ་འགྱུར་འགྲོ་བའི་རྣམ་པ་ཞིབ་ཅིང་ཕྲ་བའི་སྒོ་ནས་མཚོན་པར་བྱས་པ་དང་མི་རིཊ་ཁག་གི་མང་ཚོཊ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་རྣམ་པ་དེ་བས་མཚོན་པར་བྱས་པ་རེད།
ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད།མཐར་བྱིས་པའི་ཚོཊ་ཆུང་གི་ཀྲང་ཧྲེང་རུའེ་དང་། ལོ་ཆུང་བྱིས་པའི་ཚོཊ་ཆུང་གི་དབྱང་མུའུ་ཤུན། གཞོན་ནུ་ལོ་ཆུང་ཚོཊ་ཆུང་གི་ཚེ་རིང་གཡུ་སྒྲོན། དར་མའི་ཚོཊ་ཆུང་གི་ཧོ་རུའེ་ཞིན། ཞིང་འབྲོག་པའི་ཚོཊ་ཆུང་གི་བསྟན་འཛིན་ཡོན་ཏན་བཅས་ལ་ཚོཊ་ཆུང་ཁག་གི་གསེར་གྱི་བྱ་དགའ་ཐོབ་ཡོད། ཁོང་ཚོའི་གཏམ་བཤད་ལས་སྐད་ཡིག་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུཊ་མངོན་པར་མ་ཟད། རིག་གནས་ཀྱི་གདེང་ཚོད་ཀྱང་དེ་བས་མངོན་ཡོད། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ནས་ཡིན་པའི་བསྟན་འཛིན་ཡོན་ཏན་གྱིས་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུཊ་པ་བརྒྱུད།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐད་ང་ཚོ་ཞིང་འབྲོག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མྱོང་ཚོར་ཟབ་མོ་བྱུང་། རང་ཉིད་ལ་ཞིང་འབྲོག་མང་ཚོཊ་ཚོཊ་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པར་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། རང་སྐྱོང་ལྗོངས་དང་། གཙོ་གཉེར་ཕྱོཊ། སྒྲུབ་འགན་འཁུར་མཁན་བཅས་ཀྱིས་ང་ཚོར་གར་སྟེཊ་རྒྱ་ཆེན་པོ་འདི་འདྲ་ཞིག་མཁོ་འདོན་བྱས་པར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་གར་སྟེཊ་ཐོག་ཚང་མ་དང་ལྷན་དུ་ཕ་ཡུལ་གྱི་འགྱུར་ལྡོག་དང་སེམས་ཀྱི་དགའ་སྣང་མཉམ་སྤྱོད་བྱེད་པའི་གོ་སྐབས་བྱུང་། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་དང་ལྷོ་བྲག་རྫོང་གི་འབྲེལ་ཡོད་ཚན་པས་ལྟ་རྟོག་གང་མང་གནང་བར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་ནི་སྐད་ཡིག་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་ཡིན་པར་མ་ཟད། རིག་གནས་ཀྱི་གདེང་ཚོད་དེ་བས་མངོན་ཡོད། གཞི་རིམ་གྱི་རིག་གནས་སྟོབས་ཤུཊ་ནི་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་ལྟར་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ལྡན་པའི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社