分享按钮

ཡིག་ཚགས་རིག་གནས་གསར་གཏོད་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང། ཉིང་ཁྲིའི་ཡིག་ཚགས་རིག་གནས་གསར་གཏོད་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་བགྲོ་གླེང་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ཡུལ་ཁོངས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

རིཊ་གཅིག་མཁས་ཅན་ཞིབ་དཔྱད་ཚོཊ་པས་དཔྱད་འདེམས་ནན་པོ་བྱས་པ་བརྒྱུད་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་འབུར་དུ་ཐོན་ནས་བྱ་དགའ་མི་འདྲ་བ་ཐོབ་ཡོད། བདམས་ཐོན་པའི་བརྩམས་ཆོས་ལ་གཟིཊ་སྐོར་གནང་རྗེས། ཚོགས་ཞུགས་འགོ་ཁྲིད་དང་དེ་བཞིན་རིགས་གཅིག་མཁས་ཅན་གྱིས་ཡིག་ཚགས་རིག་གནས་གསར་གཏོད་དང་ཉིང་ཁྲིའི་ས་ཁོངས་རིག་གནས་རྒྱུན་འཛིན་གསར་གཏོད་ཅེས་པའི་གཙོ་དོན་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་གནང་བ་རེད།

ཉིང་ཁྲི་གྲོང་ཁྱེར་ཡིག་ཚགས་ཁང་གི་ཀོན་ཀྲང་ལིའུ་ཡོན་གྱིས་ང་ཚོས་ཏང་གིས་ཡིག་ཚགས་ལ་དོ་དམ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ལོ་རྒྱུས་སྲུང་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དམིགས་ཡུལ་མུ་མཐུད་རྒྱུན་འཛིན་བྱས་ཏེ། རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁྲོད་ཡིག་ཚགས་ཐོན་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ནས་རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། ད་ཐེངས་ཀྱི་རིག་གནས་གསར་གཏོད་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་བགྲོ་གླེང་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དེས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་བསམ་ཕྱོགས་དང་ཁ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191968.html 1 ཡིག་ཚགས་རིག་གནས་གསར་གཏོད་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་པ། /enpproperty-->