(པར་ངོས་དང་པོར་མཐུད)འོན་ཀྱང་གྲོང་ཁྱེར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་མཁྲེགས་ཆས་སྒྲིག་བཀོད་དང་ཉོ་སྒྲུབ་ཀྱི་ཁོར་ཡུག་སོགས་ཐད་ལྷག་པའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཁྲོམ་རའི་ཕྱིའི་རྣམ་པ་ཅུང་རྙིང་པ་ཡིན་པ་མ་ཟད། གང་ས་གང་དུ་ལོ་ཟླའི་རྗེས་ཤུལ་ཡང་མངོན་བཞིན་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཕྱིའི་རྣམ་པ་རྙིང་པར་གྱུར་བ་ཕུད་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ནུས་པའི་ཐད་ལའང་ཚད་བཀག་ཡོད་པ་རེད། ཁྲོམ་རའི་འཛུལ་སྒོར་རླངས་འཁོར་འཇོག་ས་ཉུང་བ་དང་། འགྲོ་ལམ་གུ་དོག་པ། ལམ་ངོས་འབར་འབུར་བཅས་ཡིན་པས་རྒྱུན་དུ་རླངས་འཁོར་འགག་པའི་སྣང་ཚུལ་ཐོན་ནས་གྲོང་མིའི་ཕྱིར་སྐྱོད་ལ་སྟབས་བདེ་མེད་པ་རེད། ཁྲོམ་རའི་ནང་ངོས་སུ་གློག་སྒྲོན་མི་གསལ་བའི་གནད་དོན་ཡོད་པས་ཉོ་སྒྲུབ་ཀྱི་ཁོར་ཡུག་ཅུང་མུན་ནག་ཡིན་པ་དང་ཁྲོམ་རའི་རླུང་འགྲོའི་མ་ལག་འཐུས་སྒོ་ཚང་པོ་མེད་པས་ཁྲོམ་རའི་ནང་གི་མཁའ་རླུང་འཁོར་རྒྱུག་ཡག་པོ་མེད། རྒྱུ་རྐྱེན་དེ་དག་གིས་གྲོང་མིའི་ཉོ་སྒྲུབ་ཀྱི་སྟབས་བདེའི་རང་བཞིན་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཁྲོམ་རའི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པར་ཚོད་འཛིན་ཡང་ཕོག་གི་ཡོད་པ་རེད།
དེ་རྗེས་གསར་འགོད་པ་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྐྱོད་སྐབས་ཡངས་ཤིང་གོ་རིམ་ལྡན་པའི་རླངས་འཁོར་འཇོག་ས་མིག་ལམ་དུ་ཐོག་མར་འཆར་ཞིང་། ཁོད་སྙོམས་པའི་ལམ་ངོས་དང་འདང་ངེས་ཀྱི་རླངས་འཁོར་འཇོག་ས་ཡོད་པ་དེས་གྲོང་མིའི་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ནས་གྲོང་མིར་སྟབས་བདེའི་ཉོ་སྒྲུབ་ཀྱི་ཆ་རྐྱེན་མཁོ་འདོན་ཐུབ་ཡོད། དཀར་ཆ་དོད་པའི་གློག་འོད་ཀྱིས་ཁྲོམ་རའི་གསོན་ཤུགས་འཕེལ་བ་མ་ཟད། ཉོ་སྒྲུབ་ཀྱི་ཁོར་ཡུག་ཀྱང་སྔར་བས་སྐྱིད་སྣང་དོད་ལ་དྲོ་སྐྱིད་ལྡན་པ་ཞིག་ཡོད་པ་དང་། འཐུས་སྒོ་ཚང་བའི་རླུང་འགྲོའི་མ་ལག་གིས་ཁྲོམ་རའི་མཁའ་རླུང་འཁོར་རྒྱུག་ཐད་འགན་ལེན་ཐུབ་ནས་གྲོང་མི་དང་ཚོང་དུད་ལ་བདེ་ཐང་དང་ཁམས་གཙང་གི་ཉོ་སྒྲུབ་དང་ཚོང་གཉེར་ཁོར་ཡུག་ཅིག་བཏོད་ཡོད་པ་རེད། རིག་ནུས་ཅན་གྱི་སྒྲིག་བཀོད་ནང་འདྲེན་བྱས་པ་དེའང་ཁྲོམ་ར་གསར་པའི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། གློག་རྡུལ་གཏོང་སྤྲོད་དང་། རིག་ནུས་ལྟ་སྐུལ་ཚོད་འཛིན། ཆ་འཕྲིན་ཡོངས་བསྒྲགས་བརྙན་ཤེལ་སོགས་དེང་རབས་ཅན་གྱི་སྒྲིག་ཆས་སྤྱད་པ་དེས་ཁྲོམ་རའི་དོ་དམ་གྱི་ཕན་འབྲས་ཆེ་རུ་ཕྱིན་པར་མ་ཟད། གྲོང་མིར་དེ་བས་སྟབས་བདེ་དང་བདེ་འཇགས་ཀྱི་ཉོ་སྒྲུབ་འགན་ལེན་ཐུབ་ཡོད། ཁྲོམ་ར་གསར་པས་གྲོང་མིའི་སྣ་མང་ཅན་གྱི་དགོས་མཁོར་བསམ་གཞིག་བྱས་ནས་ཁྲོམ་རའི་ནང་ངལ་གསོ་ཁུལ་སོཊ་དམངས་ཕན་ཞབས་ཞུའི་སྒྲིག་ཆས་བཙུཊ་ཡོད་པ་རེད།
ལྕཊ་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་འདི་ཉིད་གྲོང་ཤར་སྐུ་འབུམ་ཐང་ཕྱོཊ་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྤོས་པ་དེ་ནི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཕྱོགས་སྒྱུར་རིམ་སྤོར་བྱས་པ་ཞིག་ཡིན་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་ཕྱིན་པའི་མཚོན་བྱེད་ཅིག་ཀྱང་ཡིན། ཁྲོམ་ར་རྙིང་པ་དང་བསྡུར་ཚེ། ཁྲོམ་ར་གསར་པར་དེང་རབས་ཅན་གྱི་སྒྲིག་ཆས་དང་། ལུགས་མཐུན་གྱི་བཀོད་སྒྲིག མི་གཤིས་ཅན་གྱི་ཞབས་ཞུ་བཅས་ཡོད་པས། གྲོང་མི་ཚོའི་དངོས་ཟོག་ཉོ་སྒྲུབ་ཀྱི་མྱོང་ཚོར་ཟབ་ཏུ་ཕྱིན་ཡོད། བྱེད་ཐབས་དེས་གྲོང་ཁྱེར་དང་ཁྲོམ་རའི་རང་ངོས་འཕེལ་རྒྱས་ཐད་དོན་སྙིང་ཟབ་མོ་ལྡན་ཡོད་ལ་མཐའ་འཁོར་གྱི་གྲོང་མིའི་འཚོ་བ་དང་། གྲོང་ཁྱེར་གྱི་སྤུས་ཚད། དེ་བཞིན་གྲོང་ཁྱེར་གྱི་སྒྲོམ་གཞི་ཧྲིལ་པོ་བཅས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社