(པར་ངོས་དང་པོར་མཐུད)ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བློ་གཟོད་མི་བདེ་བའི་འགན་འཁྲི་ཁུར་སེམས་ཀྱི་ཐོག་ནས་འཆར་འགོད་ཇུས་འགོད་དང་འཛུཊ་སྐྲུན་ལ་སྐུལ་འདེད་གཏོང་བ་སོཊ་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱས་ནས་གྲོང་མི་ཚོ་དེ་བས་བློ་ཡིད་ཚིམ་པ་དང་ཡུལ་སྐོར་བ་དེ་བས་སྐྱིད་སྣང་དོད་པའི་འགན་ལེན་བྱེད་དགོས། ཇུས་འགོད་ཞིབ་ཚཊ་བྱེད་དགོས་ཤིང་། གཞི་གཅིག་དུ་བདེ་འཇཊ་དང་། མཛེས་པོ། བརྟན་པོ། གོ་ཆོད་པ། དཔལ་འབྱོར་བཅས་ལ་བསམ་གཞིག་བྱས་ཏེ། རྒྱུ་ཆ་དང་། རྒྱུ་སྤུས། བཟོ་ལྟ་སོཊ་ཀྱི་ཐད་ཡག་ཐོག་ཡག་བརྩེཊ་ཡོང་བར་བྱས་ནས་གྲོང་ཁྱེར་གྱི་ཉམས་འགྱུར་དེ་བས་མཐུན་སྦྱོར་དང་རིག་གནས་ཀྱི་ནང་དོན་དེ་བས་མངོན་གསལ་དོད་དུ་གཏོང་དགོས། གྲོང་ཁྱེར་སྔོ་ལྗང་ཅན་གྱི་རིམ་པ་སྔར་བས་ཕུན་སུམ་ཚོཊ་སུ་གཏོང་བ་དང་སྔོ་ལྗང་ཅན་གྱི་ཤིང་རིཊ་ལེཊ་འདེམས་བྱས་ཏེ། སྡོང་རིང་དང་སྡོང་ཐུང་རྩི་ཤིང་དང་། མེ་ཏོག རྩྭ་བཅས་ཟུང་འབྲེལ་དང་ལོ་མ་ཕྲ་བ་དང་ལོ་མ་ཆེ་བ་གཉིས་ཟུང་འབྲེལ་བྱེད་པའི་མཛེས་ལྗོངས་མ་ལག་གཏོད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་དགོས་ཤིང་། འཆར་འགོད་སྔོན་ལ་ལག་བསྟར་དང་གོ་རིམ་དབྱེ་ནས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིབ་ཚཊ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། གྲོང་ཁྱེར་སྔོ་འགྱུར་དང་། མཛེས་སྒྱུར། གློག་སྒྲོན་གསལ་དུ་གཏོང་བ་བཅས་ཀྱི་ལས་དོན་ཁག་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་སྒོ་ནས་རྣམ་གྲངས་འཛུཊ་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤུས་ལེཊ་ཁྲོམ་གཞུང་དང་།དཔེ་སྟོན་ཁྲོམ་གཞུང་། དཔེ་མཚོན་ཁྲོམ་གཞུང་བཅས་ཁག་གཅིག་བཏོད་དེ། གྲོང་ཁྱེར་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོཊ་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དེ་བས་ལེགས་པའི་ངང་སྐོང་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ལྷ་སར་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཡོད་པས། ངེས་པར་དུ་འཛམ་གླིང་གི་མིག་རྒྱང་དང་འཛམ་གླིང་གི་བསམ་གཞིཊ་མཐའ་འཁྱོངས་བྱེད་པ་དང་། སྔོན་ཐོན་གྱི་འདུ་ཤེས་དང་གཉེར་སྐྱོང་གི་རྣམ་པ་ནང་འདྲེན་ཧུར་ཐག་བྱེད་པ། ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ལ་ཤུཊ་སྣོན་རྒྱག་པ། རྣམ་གྲངས་གཏོད་པ་དང་གཉེར་སྐྱོང་ལ་དམ་འཛིན་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ལྷ་སའི་ཀ་རྟེན་ཐོན་ལས་ཤིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社