分享按钮

ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)སྔོག་འདོན་དང་འཛུགས་སྐྱོང་ལ་སྣང་ཆེན་བྱས་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་། རིམ་དབྱེ་དང་རིགས་དབྱེ་ནས་གཏོད་པ། དཔེ་སྟོན་གྱི་མིག་དཔེ་འཛུགས་པ་བཅས་བྱེད་དགོས་པ། དྲིལ་བསྒྲགས་དང་མཚམས་སྦྱོར་བྱ་རྒྱུར་དོ་སྣང་བྱས་ནས་ལྷ་སའི་ཁྱད་ལྡན་རིག་གནས་ཐོན་རྫས་གསར་སྤེལ་དང་། རིག་གནས་སྤུས་རྟགས་གཏོད་པ། རིག་གནས་ཐོན་ལས་དར་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་རིག་གནས་གངས་ལྗོངས་ས་མཐོ་ནས་འཛམ་གླིང་ཐོག་སྐྱོད་ཐུབ་པར་བྱེད་དགོས།

ཚོཊ་འདུའི་ཐོག་མཛུབ་སྟོན་གནང་དོན།འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དེ་ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་ལ་རྒྱལ་ཁབ་ཀྱི་བདེ་འཇཊ་དང་ཡང་འབྲེལ་བ་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་ཁ་ཕྱོཊ་ནན་པོ་སྲུང་བ་དང་། གཡུལ་ས་གཙོ་བོ་ཡག་པོ་སྲུང་བ། འགོག་སྲུང་གྱང་བརྟན་པོ་སྐྲུན་པ་བཅས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། བདེ་སྡོད་ཉེན་བསམ་དང་འཐབ་རྩོད་བྱེད་ཕོད་པ། གླེང་ཕྱོཊ་ཀྱི་ཁ་ཕྱོཊ་ཁྲིད་སྟོན་ལ་ཤུཊ་སྣོན་རྒྱག་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པར་རང་འགུལ་ངང་བརྡ་ལན་སྤྲོད་པ། ཉེན་ཁ་ཚབས་ཆེན་ལ་དོཊ་ཟོན་དང་སེལ་བ་བཅས་བྱས་ཏེ།འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཙོ་ཁྲིད་དབང་ཆ་དང་སྐད་ཆ་ཤོད་དབང་ལ་སྟངས་འཛིན་ནན་པོ་བྱས་ནས་སྤྱི་ཚོཊ་ཀྱི་གླེང་ཕྱོཊ་རྣམ་པ་དང་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ལས་ཀའི་སྒྲིག་སྲོལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་དང་།གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་ལས་ཀའི་འགན་འཁྲི་དང་འགན་ནུས་སྒྲུབ་སྟངས་ཚད་ལྡན་དུ་གཏོང་བ་ནི་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་སྐུལ་འདེད་གཏོང་བ། ནུས་ཆེའི་འགན་འཁྲི་སྒྲུབ་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་དོན་དངོས་ཀྱི་དགོས་མཁོ་ཞིག་རེད། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞབས་ཞུར་དམ་འཛིན་དང་། འཕེལ་རྒྱས་ལ་དམ་འཛིན། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག ཚོགས་ཞུགས་པས་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང《ཡུལ་ཁོངས་ཡུལ་སྐོར་གསར་གཏོད》སློབ་སྦྱོང་བྱ་རྒྱུར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་དང་།ལྷ་སའི་རིག་གནས་ཡུལ་སྐོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་ཚད་ལ་དམིགས་ཏེ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་།གནད་དོན་ལ་དམིགས་ཏེ་མི་འདང་ས་འཚོལ་བ། ཁྱད་ཆོས་ལ་དམིགས་ཏེ་དགེ་སྤེལ་སྐྱོན་གསབ་བཅས་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུར་ཇུས་འགོད་དང་སྐུལ་འདེད་གཏིང་ཟབ་བཏང་ཡོད་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191965.html 1 ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->