ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།དེ་བཞིན་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འབྲེལ་ཡོད་ལས་དོན་དང་། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོཊ་འདུའི་ཐོག་མཛུབ་སྟོན་གནང་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག་གནང་བའི་གསུང་བཤད་ཀྱིས་ང་ཚོས་རྒྱང་ལམ་གསར་པའི་ཐོག་རིག་གནས་ཀྱི་འགན་འཁྲི་གསར་པ་ཁུར་ནས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ཏེ་མི་སེམས་གཅིག་ཏུ་སྒྲིལ་བ་དང་། དམངས་ཀྱི་སྟོབས་ཤུཊ་གཅིག་ཏུ་སྒྲིལ་བ། དམངས་ཀྱི་བློ་གྲོས་འཕེལ་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ལ་ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་པ་དང་། སྲུང་སྐྱོབ་དང་རྒྱུན་འཛིན་ལ་དོ་སྣང་བྱས་ནས་དྲང་བདེན་གསར་གཏོད་དང་རྙིང་འབུད་གསར་འདོན་བྱས་ཏེ་སྲུང་སྐྱོབ་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཐོག སྲོལ་རྒྱུན་དང་དེང་རབས་གཉིས་སྦྲེལ་མཐུད་དམ་ཟབ་ཡོང་བར་བྱེད་དགོས་པ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社